ཆབ་མདོ་ས་ཁུལ་གྱི2013ལོའི་སྤྱི་ལོའི་ལོ་གསར་གྱི་རིག་རྩལ་དགོང་ཚོགས་འཚོགས་པ།

    བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    2013-01-05

ཉེ་དུས། ཆབ་མདོར་གསར་བརྗེའི་གླུ་གཞས་བཏང་ནས་ཞི་མཐུན་གྱི་སྤྱི་ཚོགས་གཏོད་ཅེས་པའི་ཆབ་མདོ་ས་ཁུལ་གྱི2013ལོའི་སྤྱི་ལོའི་ལོ་གསར་གྱི་རིག་རྩལ་དགོང་ཚོགས་ཆབ་མདོའི་གྲོས་ཚོགས་ལྟེ་གནས་ཀྱི་སྙན་སྒྲོན་ཚོམས་ཆེན་ནང་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ནོར་བུ་དོན་གྲུབ་དང་ཏེང་ཡེ་ཤན་སོགས་ཀྱིས་ཆབ་མདོ་ས་ཁུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།

    དགའ་སྤྲོ་རབ་ཏུ་འཁོལ་བའི་ཞབས་བྲོ་གཙང་ཆུ་གསུམ་ཞེས་པའི་རལ་པ་འཁྲབ་པ་དེས་དགོང་ཚོགས་ཀྱི་ཚ་རླབས་འཕྱུར་བ་དང་། དགོང་ཚོགས་ཐོག་ནས་ཆབ་མདོ་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་ཚོ72ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་འབྱོར་ཕྱུག་ལྡན་པའི་ཆབ་མདོ་དང་ཞི་མཐུན་གྱི་ཆབ་མདོ། བདེ་སྐྱིད་ལྡན་པའི་ཆབ་མདོ། ཁྲིམས་སྐྱོང་གི་ཆབ་མདོ། ཤེས་དཔལ་ལྡན་པའི་ཆབ་མདོ། མཛེས་སྡུག་ལྡན་པའི་ཆབ་མདོ་བཅས་འཛུགས་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་ཆོད་སེམས་མཚོན་པ་བྱས་པ་རེད།   །

  • ལེ་ཚན་སྔོན་མ།:ཆབ་མདོ་ས་ཁུལ་གྱིས་འདས་པའི་ཟླ་བ10ཡི་ནང་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར81གཏོང་འཇོག་བྱས་པ།
  • ལེ་ཚན་རྗེས་མ།:ཆབ་མདོ་ས་ཁུལ་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ལས་ཞུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།