བོད་ལྗོངས་ཉིན་རེའི་ཚགས་པར། 2012-12-17
ངོ་སྤྲོད་ལྟར་ན། ས་ཁུལ་ཡོངས་ཀྱིས་ཟླ་བ1པོ་ནས10བའི་བར་གྱི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་བསྐྱར་ལས་དང་མ་དངུལ་གཏོང་འཇོག་གི་རྣམ་པ་ལེགས་ཤིང་། ལོ་སྔོན་མའི་དུས་མཚུངས་དང་བསྡུར་ན་རྣམ་གྲངས་འཛུགས་སྐྲུན་ལས་ཀའི་འཕེལ་རིམ་མངོན་གསལ་གྱིས་མགྱོགས། དེའི་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར74.8བཏང་བ་དང་། བོད་སྐྱོར་གྱིས་མ་དངུལ་སྒོར་དུང་ཕྱུར2.8དང་། སྤྱི་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར3.8བཅས་བཏང་བ་རེད། ད་ལོའི་ཚུན་ལ། ཆབ་མདོ་ས་ཁུལ་གྱིས་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། སྨར་ཁམས་རྫོང་མཁར་གྱི་ཆུ་རགས་འཛུགས་སྐྲུན་སྐབས་གཉིས་པའི་ལས་གཞི་དང་། མཛོ་སྒང་སོགས་རྫོང་ལྔའི་སྟར་ཀའི་རྟེན་གཞི་འཛུགས་སྐྲུན། རྫོང11གི་ཤང་ཡོངས་སྐུལ་སྤེལ་བྱ་བའི་ལས་གཞི་དང་ཞིང་ལས་དབུལ་སྐྱོར་གསར་སྤེལ་སོགས་རྣམ་གྲངས113ལས་ཚར་བས། ད་ལྟ་དཔལ་འབྱོར་དང་སྤྱི་ཚོགས་ལ་ཕན་ནུས་འདོན་མུས་ཡིན། དེ་མིན་སྨར་ཁམས་རྫོང་ནོར་གཡག་གསོ་སྤེལ་ར་བ་དང་། སྟེང་ཆེན་སོགས་རྫོང་བཞིའི་རྨོ་བསྐྱར་ནགས་འདེབས། ཆབ་མདོ་ས་ཁུལ་གྱི་གྲོང་ཚོའི་གཞུང་ལམ། ཆབ་མདོ་ནས་ཉིང་ཁྲིའི་བར་གྱི་འཁྱེར་སྤྱོད་དྲ་རྒྱའི་ས་ཚུགས་སོགས་རྣམ་གྲངས437ད་ལྟ་གོ་རིམ་བཞིན་སྒྲུབ་མུས་སུ་མཆིས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10