ཆབ་མདོར་ཞིང་པའི་དཔེ་དེབ་ཁང་619བསྐྲུན་པ།

        2012-02-02

2009ལོར་ཞིང་པའི་དཔེ་དེབ་ཁང་གི་འདུ་འགོད་ལག་བསྟར་བྱས་ཚུན་ཆབ་མདོ་ས་ཁུལ་གྱིས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ཞིང་པའི་དཔེ་དེབ་ཁང་གི་འདུ་འགོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཞིང་།མིག་སྔའི་བར་ས་ཁུལ་ཡོངས་སུ་ཞིང་པའི་དཔེ་དེབ་ཁང619དང་དགོན་པའི་དཔེ་དེབ་ཁང87བསྐྲུན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ཆབ་མདོ་ས་ཁུལ་གྱིས་ཞིང་པའི་དཔེ་དེབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་དཔེ་དེབ་དང་།དུས་དེབ།སྒྲ་བརྙན་ཐོན་རྫས་བཅས་སྣ་ཁ470ལྷག་ཙམ་སྤྲད་པ་དང་དཔེ་དེབ་ཁྲི6ལྷག་ཙམ་ཟིན་པ་དང་ཆབས་ཅིག་ཞིང་པའི་དཔེ་དེབ་ཁང་དུ་ཚད་གཞི་མི་འདྲ་བའི་སྒོ་ནས་《བོད་ལྗོངས་ཉིན་རེའི་ཚགས་པར》《རྒྱ་ཡིག་དང་བོད་ཡིག》དང་《མི་དམངས་ཉིན་རེའི་ཚགས་པར》རྒྱ་ཡིག《ཆབ་མདོའི་ཚགས་པར》《རྒྱ་ཡིག་དང་བོད་ཡིག》《བདེན་འཚོལ》《ཟླ་ཕྱེད་གླེང་མོལ》སོགས་ཚགས་པར་དང་དུས་དེབ་སྤྲད་པས་ཞིང་པའི་དཔེ་དེབ་ཁང་འདི་ཉིད་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་།ཚན་རིག་དང་རིག་གནས་ཤེས་བྱ་དང་ཡུལ་སྲོལ་གོམས་གཤིས་ལུགས་བརྒྱུད་སྤེལ།སྲོལ་བཟང་དར་སྤེལ་བཅས་ཀྱི་འཐབ་ས་གལ་ཆེན་ཞིག་ཏུ་གྱུར་ཁར་ཞིང་འབྲོག་ཁུལ་གྱི་བསམ་པའི་རིག་གནས་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་དང་རིག་གནས་ཀྱི་བྱང་ཚད་མཐོ་རུ་ཕྱིན་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཁྲེན་ཆོན་གོ་ཡིས་ཆབ་མདོ་ས་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་པ།
  • ལེ་ཚན་རྗེས་མ།:ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་རུ་བཞི་ཤང་གི་ཁྱུང་དཀར་ཟམ་ཆེན་ལས་མགོ་ཚུགས་པ་དེས་མང་ཚོགས་ཀྱི་འགྲུལ་བཞུད་དཀའ་ང
  • དོ་སྣང་ཆེ་བའི་རྩོམ།