བོད་ལྗོངས་རླུང་འཕྲིན། 2012-01-31
རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཏེང་ཞའོ་ཀང་དང་ནོར་བུ་དོན་གྲུབ་རྣམ་གཉིས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
བརྟག་ཞིབ་གནང་རིང༌། ཁྲེན་ཆོན་གོ་གྲོང་གསེབ་དང་གྲོང་ཁྱེར། དམག་སྒར་བཅས་སུ་ཕེབས་ཏེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ། མང་ཚོགས་ཀྱི་འཚོ་བ། བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གནས་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང༌། ཆབ་མདོ་ས་ཁུལ་ཨུ་ཡོན་ལྷན་ཁང་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ལས་ཀའི་སྙན་ཞུ་གསན་པ་མ་ཟད་ཆབ་མདོའི་གོང་འཕེལ་དང་བརྟན་ལྷིང་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་གནང་བ་རེད། ཁྲེན་ཆོན་གོ་ཡིས་ཆབ་མདོ་ས་ཁུལ་གྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པས་མཛུབ་འཁྲིད་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ། ཐུན་མོང་མ་ཡིན་པའི་ཁྱད་འཕགས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། བརྟན་ལྷིང་དང་གོང་འཕེལ་གྱི་རྣམ་པ་བཟང་པོ་གཏོད་པ་དང་ཞི་མཐུན་དང་འབྱོར་ཕྱུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10