བོད་ལྗོངས་རླུང་འཕྲིན་དྲ་བ། 2011-11-04
ཉེ་བའི་ལོ་ཤས་རིང་ཆབ་མདོ་ས་ཁུལ་གྱིས་ཡུལ་སྐོར་སྤྲོ་འཆམ་བྱ་གཞག་གོང་འཕེལ་གཏོང་བའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་བས། ཡུལ་སྐོར་སྤྲོ་འཆམ་གྱི་ཁྲོམ་ར་དེ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང༌། ལྷག་པར་དུ་ཡུན་བོད་གཞུང་ལམ214དང་ཁྲོན་བོད་གཞུང་ལམ318དུ་རླངས་འཁོར་བཏང་སྟེ་ཡུལ་སྐོར་དུ་འགྲོ་བ་དང༌། སྦག་སྦག་བསྡད་ནས་ཡུལ་སྐོར་དུ་འགྲོ་བ། རྐང་འཁོར་བཞོན་ནས་ཡུལ་སྐོར་དུ་འགྲོ་བ། རྐང་ཐང་དུ་ཡུལ་སྐོར་དུ་འགྲོ་བ། ཚོགས་པ་མཉམ་དུ་ཡུལ་སྐོར་དུ་འགྲོ་བ་སོགས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་པ་རེད། ཆབ་མདོ་ས་ཁུལ་གྱིས་ཡུལ་སྐོར་སྣེ་ལེན་ཞུ་ཚད་ན་ནིང་དང་བསྡུར་ན་འཕར་སྣོན་ཤུགས་ཆེ་བྱུང་ཡོད་པས། ཡུལ་སྐོར་སྤྲོ་འཆམ་གྱི་ཁྲོམ་ར་བདེ་འཇགས་ཡིན་པ་དང་སྒྲིག་ལམ་ལེགས་པ། སྤུས་ཚད་དང་ཕན་འབྲས་མངོན་འགྱུར་བྱུང་ཡོད་པ་བཅས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10