ལྕགས་མཚོ་ཐར། ཀྲུང་གོ་བོད་ཀྱི་དྲ་བ 2012-03-21
རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཆབ་མདོ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ལས་མགོ་ཚུགས་པའི་མཛད་སྒོར་ཕེབས་ཡོད་པ་རེད། ཤེས་རྟོགས་བྱས་པ་ལྟར་ན། ཆབ་མདོའི་ཁྱུང་དཀར་ཟམ་ཆེན་གྱི་སྤྱིའི་རིང་ཚད་སྤྱི་ཁྲེ154དང་ཞེང་ཚད་སྤྱི་ཁྲེ5.5ཡོད་པ་དང་། ཁྱོན་མ་དངུལ་སྒོར་ཁྲི་ཚོ582གཏོང་རྒྱུ་ཡིན་ཞིང་ལས་གཞི་དེ་སྤྱི་ཟླ་དགུ་པའི་ཚེས15ཡི་སྔོན་ལ་ལས་མཇུག་སྒྲིལ་ནས་བེད་སྤྱོད་བྱེད་རྒྱུ་རེད། ཟམ་ཆེན་འཛུགས་སྐྲུན་བྱས་པ་དེས་རུ་བཞི་ཤང་གི་མང་ཚོགས་ཀྱི་འགྲུལ་བཞུད་ཆ་རྐྱེན་ལེགས་བཅོས་བྱས་ནས་གྲོང་ཁྱེར་ཉེ་འདབས་ཀྱི་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་དང་ཡུལ་སྐོར་ལས་རིགས། འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་བཅས་གོང་འཕེལ་འགྲོ་བར་སྐུལ་མ་གཏོང་ཐུབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10