ཆབ་མདོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2015-10-30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ།འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེན་པོའི་རྒྱབ་ལྗོངས་འོག་ཆབ་མདོ་གྲོང་ཁྱེར་གྱིས་རང་འགུལ་ངང་རྒྱུན་རྣམ་གསར་པ་དང་འཚམ་པ་བྱེད་པ་དང་།“བཟོ་ལས་སྟོབས་ཆེར་བཏང་ནས་གྲོང་ཁྱེར་དར་བ་དང་ཤར་ནུབ་འཕེལ་རྒྱས་གཏོང་བ་དང་རྟེན་གཞི་བསྐྲུན་པ་དང་རྨང་གཞི་གསུམ་བརྟན་དུ་གཏོང་བའི”འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ནས་བརྟན་པོའི་ངང་འཕར་བ་དང་།གྲུབ་ཆ་ལེགས་སྒྲིགསྒྱུར་བཅོས་ལ་སྐུལ་འདེད།དམངས་འཚོར་ཕན་པ།བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་བསྒྲུབས་ཏེ་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་འགལ་བ་ཁྱད་བསད་ནུས་ལྡན་བྱས་ནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་རྩིས་ལྟར་ན།སྒོར་དུང་ཕྱུར་100.1ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་24.2%འཕར་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་ཐད“འཕར་ཚད་མྱུར་བ་དང་།ཕན་འབྲས་མངོན་གསལ་དོད་པ།འདེཌ་སྐྱོར་ཆེ་བ།ཁོར་ཡུག་ལེགས་པ”སོགས་ཀྱི་ཁྱད་ཆོས་མངོན་ཡོད།
ཟླ་དང་པོ་ནས་དགུ་པའི་བར་སྤྱི་ཚོགས་ཡོངས་སུ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་150.1ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་15.2%འཕར་བ་དང་ཆབ་མདོའི་ལས་དོན་ཚོགས་འདུའི་ཐོག་གཏན་ལ་ཕབ་པའི་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་400དོན་འཁྱོལ་བྱུང་བ་དང་མ་འཇོག་སྒོར་དུང་ཕྱུར་389.6ལེགས་སྒྲུབ་བྱས་ཡོད།རྒྱལ་ལམ་317རི་བོ་ཆེ་ནས་སྟེང་ཆེན་བར་གྱི་ལམ་དུམ་བུ་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭ་སོགས་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བདེ་བླག་ཐུབ་ཡོད།མགོ་རྡོག་གློག་ཁང་དང་གཅོད་པ་གློག་ཁང་གིས་ལོ་དེའི་ནང་འཕྲུལ་ཙུའུ་ཐོག་མ་ནས་གློག་གཏོང་ཐུབ་རྒྱུ་རེད།ཆབ་མདོ་གྲོང་རྡལ་གྱིས་གྲོང་ཁུལ་རྙིང་པ་སྒྱུར་བཀོད་བདེ་བླག་ངང་ལེགས་སྒྲུབ་ཟིན་ཏེ་དམངས་འཚོའི་འདུ་འགོད་རྣམ་གྲངས་12དང་རྨང་བརྟན་དམངས་ཕན་འདུ་འགོད་མགྱོགས་མྱུར་ལག་བསྟར་བྱེད་བཞིན་ཡོད་པ་རེད།སྤྱི་ཚོགས་ཡོངས་སུ་འཛད་སྤྱོད་དངོས་པོའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་26.4ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་14%འཕར་བ་དང་།སྡོད་ཁང་དང་།རླངས་འཁོར།ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས།ཞིང་འཕྲུལ།ཞབས་ཞུ་སོགས་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་བྱེད་ནུས་ཆེ་རུ་ཕྱིན་ཡོད།སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་མཁན་མི་ཐེངས་ཁྲི་51.48ཟིན་ཏེ་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་2.57ཟིན་པ་དང་སྤྱི་ཚོགས་འགན་བཅོལ་ཁག་གི་ཐོབ་ཐང་སྒོར་དུང་ཕྱུར་1.81དོན་འཁྱོལ་བྱས་པ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་བཀོད་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་བྱས་པས་ལས་ཞུགས་མེད་པའི་ཁྱིམ་ཚང་ཉུང་དུ་གཏོང་བའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་རེད།ཞིང་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་13.5ལེགས་སྒྲུབ་ཟིན་པ་དེ་དུས་མཚུངས་ལས་4.3%འཕར་ཞིང་།བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་8.1ལེགས་སྒྲུབ་ཟིན་པ་དེ་དུས་མཚུངས་ལས་56.2%འཕར་བ་དང་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་6ལེགས་སྒྲུབ་བྱས་ཡོད།གྲོང་ཁྱེར་དེ་ཡོངས་སུ་རིགས་ཁག་གི་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་100ལས་བརྒལ་བ་དང་གཞུང་ལམ་དང་འགྲུལ་ཟོག་སྐྱེལ་འདྲེན་བྱེད་ཚད་ཆེས་ཆེར་འཕར་བ་དང་མཁའ་འགྲུལ་འགྲུལ་པ་མི་ཐེངས་ཁྲི་16.4དབོར་འདྲེན་བྱས་ཡོད་པ་རེད།  །
 
  • ལེ་ཚན་སྔོན་མ།:ཆབ་མདོ་གྲོང་ཁྱེར་གྱིས་ཡིག་གཟུགས་དང་མཛེས་རྩལ་པར་ལེན་གྱི་བརྩམས་ཆོས་འགྲེམ་སྟོན་སྤེལ་བ།
  • ལེ་ཚན་རྗེས་མ།:ཆབ་མདོ་གྲོང་ཁྱེར་གྱིས་ཕུལ་བྱུང་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའུ་ཧྲུའུ་ཅིར་གཟེངས་བསྟོད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།