ཉེ་སྔོན། ཆབ་མདོ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་གྱིས་གཙོ་གཉེར་དང་གྲོང་ཁྱེར་རིག་དངོས་ཅུའུ་ཡིས་གཉེར་རོགས་བྱས་པའི་ཡིག་གཟུགས་དང་མཛེས་རྩལ་པར་ལེན(རིག་དངོས)གྱི་བརྩམས་ཆོས་འགྲེམ་སྟོན་བྱེད་པའི་བྱེད་སྒོ་སྤེལ་མགོ་བརྩམས་ཤིང་། ཡིག་གཟུགས་དང་། མཛེས་རྩལ། པར་ལེན། ཐང་ག་བཅས་ཀྱི་བརྩམས་ཆོས་བསྡོམས་པས238འགྲེམ་སྟོན་བྱས།ཐེངས་འདིའི་འགྲེམ་སྟོན་དུ་བརྩམས་ཆོས་སྣ་ཁ་མང་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད། དཔྱད་ཞིབ་ནན་པོ་དང་ལེགས་ཁྲོད་རྩེ་གྲ་གདམ་པ་བརྒྱུད། སྒྲིག་འཛུགས་ཨུ་ལྷན་གྱིས་གོང་ཕུལ་ཞུས་པའི་པར་ལེན་དང་ཐང་གའི་བརྩམས་ཆོས་སྟོང་ཕྲག་ཁ་ཤས་ཁྲོད་ནས་ཁྱོན་ཕུལ་བྱུང་པར་ལེན་བརྩམས་ཆོས16དང་ཕུལ་བྱུང་ཐང་གའི་བརྩམས་ཆོས30བདམས་ནས་འགྲེམས་སྟོན་བྱས་པ་རེད།འགྲེམ་སྟོན་བྱས་པའི་ཐང་ག་དང་། ལྡེབས་རིས། འཇིམ་བརྙན། རྡུང་བཟོ་སོགས་ཀྱི་བརྩམས་ཆོས་དེ་དག་བཀོད་པ་མཛེས་ཤིང་ཡིད་དུ་འོང་བ་དང་། ཡིད་དབང་འགུག་ནུས་ཤུགས་ཆེན་ལྡན་པ། སྒྱུ་རྩལ་གྱི་རིགས་ཕུན་སུམ་ཚོགས་པ། འཚོལ་བསྡུ་གང་མང་དང་སྙིགས་དོར་བཅུད་ལེན་བྱས་ཡོད་པ། ཆུ་ཚད་ལྷག་པར་མཐོ་བ་ཞིག་ཡོད། འགྲེམ་སྟོནམགོ་བརྩམས་པ་ནས་བཟུང་ལྟ་སྐོར་བའི་རྒྱུན་ཆད་རྒྱུ་མེད་ལ་བསྔགས་བརྗོད་བཟང་པོ་ཐོབ་པའི་ཁར་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་བྱུང་།