ཁུལ་ཡོངས་ཀྱི་ཞིང་སྡེའི་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས།(2)

        2011-03-01


གྲོས་ཚོགས་ཀྱིས་བསྟན་དོན།2010ལོར་ཁུལ་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེའི་ལས་ཀར་ཕྱོགས་དྲུག་གི་ཐད་ནས་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་སྟེ།གཅིག་ནི་ཞིང་ལས་ས་ཁོངས་ཀྱི་སྒྲིག་བཀོད་ལེགས་འགྱུར་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཞིང་ལས་ཆགས་ཚུལ་ལེགས་སྒྲིག་བྱས་ནས་གྲུབ་འབྲས་མངོན་གསལ་དོད་པའི་ཐོབ་ཡོད།    གཉིས་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་འདེགས་ཤུགས་ཆེན་བཏང་ནས་ཞིང་ལས་སྣ་མང་བདག་གཉེར་བྱེད་པའི་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།   གསུམ་ནི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། བཞི་ནི་དཔེ་གསར་ཅན་གྱི་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་གཅིག་གྱུར་འཆར་འགོད་ཡོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྔ་ནི་ཞིང་ལས་ཚན་རྩལ་ཡར་ཐོན་གཏོང་རྒྱུར་སྐུལ་སྤེལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ཐོན་ཚད་དང་ཐོན་འབྲས་འཕར་སྣོན་ཡོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དྲུག་ནི་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ཡོང་བར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་སྡེ་དམངས་འཚོ་ལེགས་བཅོས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།   འབྲོག་མིའི་གཞིས་ཆགས་ས་གནས250ཡི་གཞིས་ཆགས་སྡོད་ཁང19839འཛུགས་སྐྲུན་བྱས་པ་དང་།   འབྲོག་མི་ཁྲི10.97སྡོད་ཁང་གསར་པའི་ནང་སྤོས་པ།   ཞིང་འབྲོག་སློབ་མ2516ཁུལ་ཕྱིའི་ལས་རིགས་སློབ་གྲྭ་རུ་སློབ་ཡོན་མི་དགོས་པའི་སློབ་སྦྱོང་བྱེད་དུ་མངགས་ཡོད་པ་བཅས་རེད།
གྲོས་ཚོགས་ཀྱིས་་བསྟན་དོན།   ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་རིམ་ནང་དུ།   རང་ཁུལ་གྱི་གྲོང་སྡེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་སྐབས་གསར་པ་མང་པོ་མདུན་དུ་མངོན་ཡོད་པས་ད་ལོར་ཞིང་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་བབས་བརྒྱ་ཆ30འཕར་སྣོན་གཏོང་རྒྱུའི་དམིགས་ཡུལ་ལས་འགན་འགྲུབ་ཐུབ་དགོས་པས་ད་ལོའི་ཞིང་ལས་དང་གྲོང་སྡེའི་ལས་ཀའི་དམིགས་ཡུལ་དང་གཙོ་གནད་དྲུག་ཡོད་པ་སྟེ།གཅིག་ནི་སྔར་ལྷག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་བསྒྱུར་བཀོད་དང་སྤྱི་ཚོགས་དོ་དམ་ཤུགས་སྣོན། རོགས་སྐྱོར་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་སྒོ་ནས་འབྲོག་མིའི་གཞིས་ཆགས་དམ་འཛིན་བྱས་ཏེ་དམངས་འཚོ་ལེགས་བཅོས་ཐོག་ལ་ཚད་བརྒལ་གསར་པ་འཐོབ་དགོས།   གཉིས་ནི་ཁྱོན་ཡོངས་ནས་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་འཆར་འགོད་སྤེལ་འགོ་ཚུགས་པ་དང་།   ཐོན་ལས་འཕེལ་རྒྱས་དམ་འཛིན་བྱེད་པ།  སྤྱི་པའི་ཞབས་ཞུ་འཐུས་ཚང་ལེགས་འགྱུར་གཏོང་བ་བཅས་ཀྱི་སྒོ་ནས་གྲོང་སྡེ་གསར་པའི་འཛུགས་སྐྲུན་དམ་འཛིན་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གཅིག་གྱུར་འཆར་འགོད་བྱེད་པའི་ཐོག་ཚད་བརྒལ་གསར་པ་ཡོང་བར་མངོན་འགྱུར་བྱེད་དགོས།
གསུམ་ནི་སྣེ་འཛིན་གྱི་སྐུལ་ཁྲིད་བྱེད་པའི་ལམ་བུར་འགྲོ་བ་དང་།  ཟོང་རྟགས་ཅན་གྱིས་ཕན་ནུས་འདོན་པའི་ལམ་བུར་འགྲོ་བ།   ལྗང་མདོག་ཉེན་མེད་ཀྱི་ལམ་བུར་འགྲོ་བ་བཅས་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བཀོད་བྱས་ནས་ཁྱོན་ཡོངས་འབྱོར་འབྲིང་གི་ཐོག་ཚད་བརྒལ་གསར་པ་ཡོང་བར་མངོན་འགྱུར་བྱེད་དགོས།བཞི་ནི་ཞིང་ལས་ཚན་རྩལ་སྐྱོར་འདེགས་དང་།   ཆུ་བེད་སྒྲིག་ཆས་འཛུགས་སྐྲུན།   འགྲིམ་འགྲུལ་རྨང་གཞི་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་རྒྱག་སྟེ་ཐོན་སྐྱེད་ཆ་རྐྱེན་ལེགས་བཅོས་བྱས་ནས་སྲ་ཞིང་བརྟན་པའི་རྨང་གཞིའི་ཐོག་ཚད་བརྒལ་གསར་པ་མངོན་འགྱུར་བྱེད་དགོས་པ་བཅས་སོ།།


 

  • ལེ་ཚན་སྔོན་མ།: ལི་ཐང་རྫོང་གིས་ད་ལོ་དམངས་ལ་དོན་དངོས་བཅུ་བསྒྲུབ་ཡིན་པ།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་གི་ཨན་ཧྲན་ཟམ་ཆེན་ལས་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།