ཟླ་བ2པའི་ཚེས23ཉིན། ལྕགས་ཟམ་རྫོང་གིས་ཨན་ཧྲན་ཟམ་ཆེན་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ།ཤེས་རྟོགས་བྱུང་བར་གཞིགས་ན། ལྕགས་ཟམ་རྫོང་གི་ཨན་ཧྲན་ཟམ་ཆེན་ནི་རང་ཁུལ་གྱི་ཁྱབ་ཁོངས་སུ་བསྐྲུན་རྒྱུའི་དཀྱིལ་སྟེགས་ཕྱོགས་གཉིས་གསེག་འཐེན་གྱི་ཟམ་པ་ཨང་དང་པོ་ཡིན། མ་དངུལ་སྒོར་ཁྲི5817བཏང་ནས་བསྐྲུན་རྒྱུའི་ཨན་ཧྲན་ཟམ་ཆེན་གྱི་རིང་ཚད་ཡོངས་རྫོགས་སྨི190ཡོད་ཅིང་། ཟམ་ཆེན་དེ་ལས་ཚར་རྗེས་ལྕགས་ཟམ་རྫོང་ཁོངས་ཀྱི་ཧྲ་པ་དང་ཨན་ལེ་པ་ས་ཁུལ་གཉིས་འབྲེལ་ཐུབ་པའི་གལ་ཆེན་གྱི་ཟམ་ཆེན་དུ་འགྱུར་རྒྱུ་རེད། འདི་ནི་ཨན་ཧྲན་ཟམ་ཆེན་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ་ཡུལ་དངོས་རེད།