ལི་ཐང་རྫོང་གིས་ད་ལོ་དམངས་ལ་དོན་དངོས་བཅུ་བསྒྲུབ་ཡིན་པ།

སྒྲོལ་མ་ཚེ་མཚོས་བསྒྱུར།        2011-02-24

ད་ལོར།ལི་ཐང་རྫོང་གིས་མུ་མཐུད་ནས་མི་དམངས་མང་ཚོགས་ལ་དོན་དངོས་བསྒྲུབ་པའི་བྱེད་སྒོ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་དོན་དངོས་བཅུ་ཡག་པོ་བསྒྲུབ་རྒྱུ་ཡིན་པ།
     དོན་དངོས་བཅུ་ནི།སློབ་ཆུང་དང་ཆ་སྒྲིག་ལས་གྲྭ་བསྐྲུན་ནས་སྟོན་དུས་ཀྱི་སློབ་མ་བསྡུ་བའི་ལས་ཀར་ཁག་ཐེག་བྱ་རྒྱུ།རྫོང་མཁར་གྱི་འགྲོ་འོང་བྱེད་ས་གསུམ་གྱི་རྣམ་པ་བསྒྱུར་བཀོད་དང་མཐོ་རུ་གཏོང་རྒྱུ།རྫོང་མཁར་གྱི་གཞུང་ལམ་ཐོག་འགྱིག་སྣུམ་བླུག་པའི་ལས་གྲྭ་ལག་བསྟར་བྱ་རྒྱུ།རྫོང་མཁར་གྱི་གཞུང་ལམ་ཁག་གཅིག་གི་ལམ་འགྲམ་གྱི་ཆུ་བཤང་ས་བསྒྱུར་བཀོད་ལས་གྲྭ་ལག་བསྟར་བྱ་རྒྱུ།རྫོང་གྲོང་ཁུལ་གྱི་བྱིས་པ་ཁང་གི་ཆ་རྐྱེན་ལེགས་བཅོས་གཏོང་རྒྱུ།རྫོང་སྨན་དང་བོད་ཁང་གི་སྨན་བཅོས་ཀྱི་ཆ་རྐྱེན་ལེགས་བཅོས་གཏོང་རྒྱུ།མུ་མཐུད་ནས་རྫོང་གྲོང་ཁུལ་གྱི་ཁོར་ཡུག་དང་འགྲིམ་འགྲུལ་དག་ཐེར་ལས་ཀ་ཟབ་སྤེལ་བྱརྒྱུ།གྲོང་ཁུལ་གྱི་ལས་ཞུགས་མི་སྣ260གསར་འཕར་གཏོང་རྒྱུ།མི120ལ་ལས་ཀ་བསྐྱར་ཞུགས་མངོན་འགྱུར་ཡོང་བ་རྒྱུ།མི200ལ་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལས་སྤོ་སྦྱོང་རྡར་བྱ་རྒྱུ།མུ་མཐུད་ནས་ལས་བྱེད་པ་དང་ལས་བཟོ་ལ་བདེ་བློའི་ལས་གྲྭའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ།སྡེ་ཁག་དང་ཆུས་ཤང་གི་གཞུང་ལས་ཁང་གི་འགྲོ་གྲོན་ཚད་གཞི་མཐོ་རུ་གཏོང་རྒྱུ་བཅས་རེད།
  • ལེ་ཚན་སྔོན་མ།:རྒྱལ་རོང་རྒྱལ་མོ་རྔུལ་ཆུ་གློག་བུར་དུ་འབྲུབ་ནས་མི11ཆུས་བཀག་པར་ལྕགས་ཟམ་མེ་གསོད་དཔོན་དམག་རྣམས་ཀྱིས་བདེ་
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་ཞིང་སྡེའི་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།