ཟླ་བ2པའི་ཚེས20ཉིན་གྱི་ཞོགས་པའི་ཆུ་ཚོད3དང་སྐར་མ25ཐོག་ལྕགས་ཟམ་མེ་གསོད་རུ་འབྲིང་ལ་ཡན་ལག་བཀོད་འདོམས་ལྟེ་གནས་ཀྱི་བཀོད་གཏོང་ནས་ཁ་པར་བརྒྱབ་ཡོངས་སྐབས།ལྕགས་ཟམ་རྫོང་གི་ཁྲེང་ཝུའུ་སློབ་ཆུང་འོག་གི་ཆུ་རགས་ལྟེ་གནས་སུ་ཨར་རྒྱག་མི་སྣ11བཀག་ནས་གནས་ཚུལ་ཚབས་ཆེན་བྱུང་སྐབས་རུ་འབྲིང་གི་དཔོན་དམག་རྣམས་ཡུལ་དངོས་སུ་སྐྱོབ་སར་འགྲོ་དགོས་པའི་བཀའ་ཕབ་པ་རེད།ལྕགས་ཟམ་མེ་གསོད་རུ་འབྲིང་གིས་ལམ་སང་མེ་གསོད་འཁོར་ལོ2བཏང་བ་དང་མེ་གསོད་དཔོན་དམག12ཆུས་བཀག་ཡུལ་དུ་མི་སྐྱོབ་སར་ཕྱིན་ནས་མི11བདེ་བླག་ངང་ཚུར་སྐྱོབ་ཐུབ་ཡོད་པ་རེད༎