རྒྱལ་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར360བཏང་སྟེ་ཞིང་སྡེའི་སློབ་གསོ་སྒྲིག་ཆས་ལེགས་བཅོས་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2014-03-25

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ3པའི་ཚེས20ཉིན་འབྱོར་བའི་གཏམ་གསར། སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2010ལོ་ནས་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་ཆ་རྐྱེན་ཞན་པའི་སློབ་གྲྭ་ལེགས་བཅོས་བྱ་རྒྱུའི་འཆར་གཞི་ལག་ལེན་བསྟར་བ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར22དང་ཞིན་ཅང་ཐོན་སྐྱེད་དམག་ཚུགས་སོགས་ཀྱི་ཆ་རྐྱེན་ཞན་པའི་སློབ་གྲྭའི་སློབ་གསོ་སྒྲིག་ཆས་ལེགས་བཅོས་བྱ་རྒྱུའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར219.27བཏང་ཡོད། ཆེད་སྤྱོད་མ་དངུལ་འདི་དག་གིས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ཞིང་སྡེའི་ཆ་རྐྱེན་ཞན་པའི་སློབ་གྲྭ་ཁྲི16.52ལ་ཕན་ཐོགས་བྱས་ཡོད། དེའི་ནང་སློབ་གྲྭ་ཁྲི11.91ལ་སློབ་གསོའི་ཚོད་ལྟ་ཡོ་བྱད་ཀྱི་སྒྲིག་ཆས་བསྣན་ཡོད་ཅིང་། སློབ་གྲྭ་ཁྲི7.59ལ་དཔེ་དེབ་བསྣན་ཡོད། སློབ་གྲྭ་ཁྲི7.51ལ་བརྒྱུད་ལམ་སྣེ་མང་གི་རྒྱང་རིང་སློབ་གསོའི་སྒྲིག་ཆས་བསྣན་ཡོད་པ་རེད།
    སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་ཁུར་པས་བཤད་དོན། ཞིང་སྡེའི་ཆ་རྐྱེན་ཞན་པའི་སློབ་གྲྭ་ལེགས་བཅོས་བྱ་རྒྱུ་ནི་ཞིང་སྡེའི་སློབ་གསོ་སྤུས་ཀ་མཐོ་རུ་གཏང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་སློབ་གསོའི་ཧེ་བག་ཆུང་དུ་གཏང་རྒྱུ། ལོ་དགུའི་འོས་འགན་སློབ་གསོ་འཕེལ་རྒྱས་གཏང་རྒྱུ། སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ཡིན་པ་རེད། མཐོང་ཐུབ་དགོས་པ་ཞིག་ནི་དུས་རིམ་ཞིག་གི་་ནང་འབད་བརྩོན་བྱས་པར་བརྒྱུད། ས་ཁུལ་ཁ་ཤས་ཀྱི་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭའི་རྣམ་པར་འཕོ་འགྱུར་བྱུང་བ་དང་། རྫོང་གི་སློབ་གྲྭར་སློབ་སྦྱོང་བྱེད་སར་འགྲོ་མཁན་གྱི་ཞིང་སྡེའི་སློབ་མ་ཁ་ཤས་ཀྱང་ལེགས་བཅོས་བྱས་ཟིན་པའི་ཞིང་སྡེའི་སློབ་གྲྭར་ཞུགས་ཏེ་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད།
  • ལེ་ཚན་སྔོན་མ།: ཞི་ཅིན་ཕིང་གིས་ཧོ་ལན་ལ་འཚམས་འདྲི་གནང་བ་དང་སྐབས་གསུམ་པའི་ཉིང་རྡུལ་བདེ་འཇགས་ཀྱི་རིམ་པ་ཆེས་མཐོ་བའི་
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་མཐོ་རྒྱུགས་བསྒྱུར་བཅོས་བྱེད་པའི་འཆར་འགོད་བཏོན།
  • དོ་སྣང་ཆེ་བའི་རྩོམ།