ཕ་ལེ་སི་ཐན་གྱིས་དབྱི་སི་རལ་གྱི་ཁྲིམས་གཞི་གསར་བར་སྐྱོན་བརྗོད་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-12-31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་ཨེ་ལེ་ཁ་ཐི་ཡིས་སྤྱི་ཟླ12པའི་ཚེས29ཉིན་བཤད་རྒྱུར། དབྱི་སི་རལ་གྱི་པུའུ་ཀྲང་རིམ་པའི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་ཉིན་དེར་གྲོས་འཆམ་བྱུང་བའི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕ་ལེ་སི་ཐན་གྱི་མངའ་ཁོངས་བདག་ཏུ་འཛིན་རྒྱུ་དམིགས་ཡུལ་ཡིན་པའི་ཁྲིམས་གཞི་དེས་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་ཇུས་གཞི་མཚམས་ཆད་དུ་འཇུག་སྲིད་ཟེར། 
ཨེ་ལེ་ཁ་ཐི་ཡིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཁྲིམས་གཞི་དེར་གྲོས་འཆམ་བྱུང་བ་དེས་ད་ལྟའི་བར་དུ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་པར་འབད་བརྩོན་བྱས་པ་ཐམས་ཅད་བརླགས་སྲིད་ལ། ཁྲིམས་གཞི་དེར་གྲོས་འཆམ་བྱུང་བ་དེས་དམག་འཁྲུག་གི་ནག་ཉེས་བསགས་པ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་ཇུས་གཞི་མཚམས་ཆད་དུ་འཇུག་སྲིད་ཟེར། 
དབྱི་སི་རལ་གྱི་པུའུ་ཀྲང་རིམ་པའི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ཁྲིམས་གཞི་གསར་བ་ཞིག་ལ་ཆོག་མཆན་བཀོད་དེ། ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་ཡོད་པའི་ཡུག་ཐེ་བ་གཏན་སྡོད་བྱེད་ས་དེ་དབྱི་སི་རལ་གྱི་མངའ་ཁོངས་སུ་གཏོགས་པར་གཏན་ཁེལ་བྱས་པ་མ་ཟད། དབྱི་སི་རལ་གྱི་བཅའ་ཁྲིམས་གཏན་སྡོད་བྱེད་ས་དེ་དག་ལ་ལག་བསྟར་བྱེད་རྒྱུའི་ཐག་བཅད། རྒྱུས་ལོན་བྱུང་བ་ལྟར་ན། ཁྲིམས་གཞི་དེ་གཏན་འབེབས་བྱེད་པའི་དམིགས་ཡུལ་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཞི་བའི་གྲོས་ཆོད་བཀོད་རྗེས། དབྱི་སི་རལ་གྱི་དམག་དོན་སྟོབས་ཤུགས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཡོངས་སུ་ཕྱིར་འཐེན་མི་བྱེད་པའི་ཆེད་རེད། 
ད་ལྟ་ཁྲིམས་གཞི་དེར་ད་དུང་དབྱི་སི་རལ་གྲོས་ཁང་གིས་ཆོག་མཆན་འགོད་དགོས།  །
  • ལེ་ཚན་སྔོན་མ།:ཟླ་བའི་ལྷ་མོའི་རྟགས་ཅན་གྱི་རྟོག་འཇལ་ཡོ་བྱད་ཟླ་བའི་གོ་ལར་སྐྱོད་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཕེའོ་ཅིན་ཧོས་ཀྱིས2014ལོའི་སྲིད་སྐྱོང་འཆར་གཞི་ཁྱབ་སྒྲོག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།