ཟླ་བའི་ལྷ་མོའི་རྟགས་ཅན་གྱི་རྟོག་འཇལ་ཡོ་བྱད་ཟླ་བའི་གོ་ལར་སྐྱོད་འགོ་ཚུགས།

        2013-12-03

 ཞིན་ཧྭ་གསར་འགྱུར་ཁང་ཞི་ཁྲང་ནས་འབྱོར་བའི་གཏམ་གསར། ཟླ་བའི་ལྷ་མོའི་རྟགས་ཅན་གསུམ་པའི་རྟོག་འཇལ་ཡོ་བྱད་དེ་ཟླ་བ12པའི་ཚེས2ཉིན་གྱི་ཞོགས་པའི་ཆུ་ཚོད1པོའི་སྐར་མ30ལ་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་ཏེ་ལེགས་འགྲུབ་བྱུང་བ་རེད།
    ཟླ་བའི་ལྷ་མོའི་རྟགས་ཅན་གསུམ་པའི་རྟོག་འཇལ་ཡོ་བྱད་ཀྱིས་ཐེངས་དང་པོར་ཟླ་བའི་གོ་ལར་སྙི་བབ་དང་ཟླ་བའི་ཕྱི་ངོས་སྐོར་ཞིབ་རྩད་ཞིབ་བྱ་རྒྱུ་ཡིན་པས་མ་ཚད་ཟླ་བའི་ཕྱི་དབྱིབས་དང་ས་གཤིས་ཆགས་ཚུལ་ལ་རྟོག་ཞིབ་སོགས་ཚན་རིག་རྟོག་འཇལ་ཀྱང་བྱ་རྒྱུ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ས་བབ་ཡོ་བྱད་དང་གཡུའི་རི་བོང་རྟགས་ཅན་གྱི་ཟླ་བའི་འཁོར་ལོ་ལས་གྲུབ་པའི་ཟླ་བའི་ལྷ་མོའི་རྟགས་ཅན་གསུམ་པའི་རྟོག་འཇལ་ཡོ་བྱད་ཀྱི་སྤྱིའི་ལྗིད་ཚད་ཏུན3.8ཡོད་ཅིང་ཟླ་བའི་ཕྱི་ངོས་སུ་སྙི་བབ་བྱས་རྗེས་གཡུའི་རི་བོང་རྟགས་ཅན་ས་བབ་ཡོ་བྱད་ལས་ཁ་བྲལ་ནས་ཟླ་བ3རིང་གི་ཚན་རིག་རྟོག་འཇལ་བྱ་རྒྱུ་ཡིན་ལ་ས་བབ་ཡོ་བྱད་བབ་ཡུལ་དེ་གར་རྟོག་འཇལ་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།:རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་ཁག་ཅིག་ས་ཁོངས་གཞན་ནས་མེ
  • ལེ་ཚན་རྗེས་མ།:ཕ་ལེ་སི་ཐན་གྱིས་དབྱི་སི་རལ་གྱི་ཁྲིམས་གཞི་གསར་བར་སྐྱོན་བརྗོད་བྱས།
  • དོ་སྣང་ཆེ་བའི་རྩོམ།