རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་ཁག་ཅིག་ས་ཁོངས་གཞན་ནས་མེད་པར་བཟོ་རྒྱུ་ཡིན་པར་བཤད་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-12-02

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་འབྲེལ་འཐུས་ཚབ་ཚོགས་པའི་དམིགས་བསལ་མཐུན་སྦྱོར་བ་ཁཱ་ཀི་ཡིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་གྲུ་གཟིངས་བཀོལ་ནས་སི་རི་ཡཱའི་མཚོ་ཁོངས་ཀྱི་ཉེ་སར་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་ཁག་ཅིག་མེད་པར་བཟོ་རྒྱུའི་འཆར་གཞི་ཡོད་ཟེར།
ཁཱ་ཀི་ཡིས་ཏཱ་མཱ་ཧྲི་ཀི་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྫས་འགྱུར་མཚོན་ཆ་ཁག་ཅིག་སི་རི་ཡཱའི་ལཱ་ཐཱ་ཅི་ཡཱ་གྲུ་ཁ་བརྒྱུད་དེ་སི་རི་ཡཱའི་མཚོ་ཁོངས་ཀྱི་ཉེ་སར་ཡོད་པའི་ཨ་མེ་རི་ཁའི་གྲུ་གཟིངས་སྟེང་བསྐྱལ་ནས། མཇུག་མཐར་ཆུས་འདྲིས་པར་བྱེད་པའི་ཐབས་ཀྱིས་མེད་པར་བཟོ་རྒྱུ་ཡིན་ཟེར། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་གྲོས་འཆམ་བྱུང་བའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་བྱེ་བྲག་གི་ཇུས་གཞི་ལྟར་ན། རྫས་འགྱུར་མཚོན་ཆ་ཁག་དེ་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔོན་ལ་སི་རི་ཡཱ་ནས་ཕྱིར་བསྐྱལ་རྒྱུ་རེད་ཟེར།
ཁཱ་ཀི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པས་རྫས་འགྱུར་མཚོན་ཆ་ཁག་དེ་དུས་ལྟར་སི་རི་ཡཱ་ནས་ཕྱིར་བསྐྱལ་བར་རེ་བ་བྱས་ཡོད་ཀྱང་། ཐོག་མར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་ལྟར་འཐུམ་རྒྱག་རྒྱུ་ཆ་སོགས་འདོན་སྤྲོད་བྱེད་དགོས་ཟེར། ཁོས་མོས་བསྟན་དོན། རྫས་འགྱུར་མཚོན་ཆ་གཞན་དག་སི་རི་ཡཱའི་མངའ་ཁོངས་ནས་མེད་པར་བཟོ་རྒྱུ་ཡིན་ཟེར།
ཁཱ་ཀི་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་ཏཱ་མཱ་ཧྲི་ཀི་དང་ཁ་འབྲལ་རྒྱུ་ཡིན་པ་དང་། ཁོ་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་རེད།
 
  • ལེ་ཚན་སྔོན་མ།:དབྱིན་ཇིའི་ཉེན་རྟོག་པའི་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:ཟླ་བའི་ལྷ་མོའི་རྟགས་ཅན་གྱི་རྟོག་འཇལ་ཡོ་བྱད་ཟླ་བའི་གོ་ལར་སྐྱོད་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།