ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་བདུན་བཏང་སྟེ་ལྷ་ཀླུ་འདམ་རའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།

    མི་དམངས་དྲ་བ།    2013-11-26

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ན་ལྟར་ན།ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར7བཏང་ནས་ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་ལ་སྲུང་སྐྱོབ་བྱས་ཏེ།འདམ་རའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ནས༼2013ལོ་ནས2025ལོའི༽བར་གྱི༼བོད་རང་སྐྱོང་ལྗོངས་ལྷ་ཀླུ་འདམ་རའི་རང་བྱུང་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་འཆར་འགོད༽ཅེས་པ་གཏན་འབེབས་བྱས་པའི་ནང་ལག་བསྟར་ལས་གྲྭ15ཚུད་ཡོད་པ་དང་། ལྟེ་གནས་ཀྱི་སྡོད་ཁང་གནས་སྤོ་དང་སྐྱེ་ཁམས་སླར་གསོའི་ཐབས་ལམ་ཆ་ཤས། མ་ཡུར་དབུས་ཀྱི་འདམ་རའི་རྒྱུད་དུ་སིམ་འཛུལ་སྔོན་འགོག་ལས་གྲྭ། འདམ་ར་རྒྱ་སྐྱེད་གཏོང་བའི་རྣམ་གྲངས།འདམ་རའི་དངོས་མང་བཤམ་མཛོད་ཁང་སོགས་དང་འབྲེལ་བ་ཡོད་པ་རེད།
ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་མཚོ་ངོས་ལས་མཐོ་ཚད་སྨི་ཁྲི3600ལྷག་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ12.2ཡོད་དེ། ལྷ་སའི་གྲོང་ཁུལ་གཞི་ཁྱོན་གྱི11.5%ཟིན་པས།དེ་ནི་འཛམ་གླིང་སྟེང་ཤིན་ཏུ་དཀོན་ཞིང་།རྒྱལ་ནང་དུ་ཆེས་ཆེ་བའི་གྲོང་ཁྱེར་གྱི་རླན་སའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་ལ། འཛམ་གླིང་སྟེང་ས་བབ་ཆེས་མཐོ་བ་དང་། གཞི་ཁྱོན་ཆེས་ཆེ་བའི་གྲོང་ཁྱེར་རང་བྱུང་རླན་སའང་ཡིན།མིག་སྔར་ལྷ་ཀླུ་འདམ་རའི་ལྟེ་གནས་སུ་དཀོན་ལ་རྩ་ཆེན་ཡིན་པའི་བྱ་རིགས62བབ་སྡོད་བྱས་ཡོད་ཅིང་། དེའི་ཁྲོད་གེ་སར་རྟ་རྫི་དང་ཁྲུང་ཁྲུང་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་གལ་ཆེན་འདུས་ཡོད་པ་རེད།  །
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་པར་ཕེབས།
  • ལེ་ཚན་རྗེས་མ།:འཇར་པན་ནས་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི7རྐྱེན་ལམ་དུ་ཤོར་།
  • དོ་སྣང་ཆེ་བའི་རྩོམ།