ལིས་ཁི་ཆང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་པར་ཕེབས།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-11-26
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རོ་མ་ནི་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཕུན་ཐ་དང་བུའུ་ཙི་པེད་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་སྨིས་ཨར་ཅི་ཡོ་ཡེ་ཧྥུའུ་གཉིས་ཀྱིས་གདན་དྲངས་པ་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས25ཉིན་གྱི་སྔ་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་རོ་མ་ནི་ཡ་རྒྱལ་ཁབ་ནས་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་རྒྱུ་ཡིན་པར་མ་ཟད། རོ་མ་ནི་ཡ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་དང་། དེའི་རྗེས་སུ་བུའུ་ཙི་པེད་ཁི་སི་ཐན་ནས་བསྡུ་རྒྱུ་ཡིན་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཙུང་ལིའི་གྲོས་ཚོགས་ཐེངས་བཅུ་གཉིས་པར་ཞུགས་རྒྱུ་ཡིན། །