འཇར་པན་ནས་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི7རྐྱེན་ལམ་དུ་ཤོར་།
བསོད་ནམས་ཚེ་རིང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2013-11-26
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།འཇར་པན་རྒྱང་སྒྲོག་མཐུན་ཚོགས་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན།ཚེས23ཉིན་ཧྥུའུ་ཧྲན་རྫོང་གི་ཀྲིན་ཧྲ་ཡའོ་ནས་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ།མི་བདུན་རྐྱེན་ལམ་དུ་ཤོར་ཟེར།
ཉིན་དེར།ཀྲིན་ཧྲ་ཡའོ་ཡི་མཚོ་ངོས་ལས་སྨིད་སྟོང་གཉིས་དང་བརྒྱད་བརྒྱ་དྲུག་ཅུ་ཡོད་པའི་རི་རྩེའི་ནུབ་ངོས་ནས་གངས་ཉིལ་བའི་དོན་རྐྱེན་བྱུང་བ་དང་། ཉེ་འཁོར་དུ་གངས་ཤུད་བྱེད་པ་དང་རིའི་སྟེང་དུ་འགོ་བའི་མི་བདུན་རྐྱེན་ལམ་དུ་ཤོར།འཇར་པན་ནམ་གཤིས་རྟོག་དཔྱོད་ཁང་གིས་བཤད་རྒྱུར།ཧྥུའུ་ཧྲན་རྫོང་དུ་ཚེས22ཉིན་གྱི་དགོང་མོར་གངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་རི་མགོར་གངས་ཆགས་རྒྱུ་རེད་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲིན་ཧྲ་ཡའོ་ལ་ཁ་བ་བབས་རྗེས། གངས་ཉིལ་བའི་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད།།