ལིས་ཁི་ཆང་གིས་རོ་མ་ནི་ཡ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་མགོ་བརྩམས།
བཀྲ་ཤིས་འབུམ། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2013-11-27
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རོ་མ་ནི་ཡའི་ཙུང་ལི་ཕིན་ཐ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས25ཉིན་གྱི་ཕྱི་དྲོར་རོ་མ་ནི་ཡའི་པུའུ་ཅ་ལེ་སི་ཐི་ཀོང་ཏ་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་ཐོན་ནས་རོ་མ་ནི་ཡ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་མགོ་བརྩམས།
རོ་མ་ནི་ཡའི་ཙུང་ལི་ཕིན་ཐ་ཡིས་ཙུང་ལི་གཞོན་པ་གཉིས་དང་ནེ་ཀིའི་པུའུ་ཀྲང་འགའ་ཁྲིད་དེ་པུའུ་ཅ་ལེ་སི་ཐི་ཀོང་ཏ་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་སོང་ནས་ཙུང་ལི་ལིས་ཁི་ཆང་ལ་བསུ་བ་བྱས་པ་དང་། རོ་མ་ནི་ཡ་ན་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧའོ་ཡུས་ཀྲིན་ཡང་གནམ་གྲུ་ཐང་ལ་སོང་ནས་ཙུང་ལི་ལིས་ཁི་ཆང་ལ་བསུ་བ་བྱས། །