བསོད་ནམས་ཚེ་རིང་། མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-10-17
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་དབུས་ཕྱོགས་ཀྱི་པང་ཏཱ་ཏིས་ཡཱ་ས་ཁུལ་གྱི་ལྷ་ཁང་ཞིག་ནས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ། མིག་སྔར་མི་གོ་གཅིག་རྐྱེན་ལམ་དུ་ཤོར།
རྒྱ་གར་གྱི་ཏུའུ་ཨར་ཅཱ་ལྷ་མོའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད། རྒྱ་གར་གྱི་དད་ལྡན་མང་ཚོགས་འབུམ་ལྔ་ཙམ་ཏཱ་ཏིས་ཡཱ་ས་ཁུལ་གྱི་ལྷ་ཁང་ཞིག་ཏུ་མཇལ་ཕྱག་བྱས། དེའི་སྐབས་སུ་མཇལ་བ་རེ་འགའ་གྲལ་གྱི་ནང་དུ་གསེབ་པར་འདོད་དེ། དད་ལྡན་མང་ཚོགས་གྲལ་སྒྲིག་ཡོད་སའི་ཟམ་ཆེན་དེ་རྡིབ་ལ་ཉེ་བའི་འཆལ་གཏམ་བསྒྲགས་པས། མང་ཚོགས་རྣམས་ལ་འཇིགས་དངངས་ཆེན་པོ་བྱུང་སྟེ་རྡོག་བརྫིས་དོན་རྐྱེན་དེ་བྱུང་བ་རེད།
ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། མཇལ་བ་རེ་འགའ་ཟམ་ཁ་ནས་གཙང་བོའི་ནང་ལྷུང་བས་མིག་སྔར་གར་སོང་རྙེད་མེད་ཟེར། ཡུལ་དངོས་མང་ཚོགས་ཀྱིས་ཉེན་རྟོག་པའི་བདེ་སྲུང་བྱ་བར་སྐྱོན་འཛུགས་བྱས་པ་དང་། མཇལ་བ་སྐོར་ཞིག་གིས་ད་རུང་ཉེན་རྟོག་པར་རྡོ་ཡིས་བརྒྱབ་ནས་ཉུང་མཐར་ཡང་ཉེན་རྟོག་པ་དྲུག་ལ་རྨས་ཕོག་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10