གློག་བརྙན༼བདེ་སྐྱིད་མེ་ཏོག༽ལ་འཇར་མན་ཁི་ལོན་གློག་བརྙན་དུས་ཆེན་སྟེང་ཀྲུང་གོའི་གློག་བརྙན་ཆེས་ལེགས་པོའི་བྱ་དགའ་ཐོབ།

    མཚོ་སྔོན་པོ་དྲ་བ།    2013-10-18

གློག་བརྙན༼བདེ་སྐྱིད་མེ་ཏོག༽ལ་འཇར་མན་ཁི་ལོན་གློག་བརྙན་དུས་ཆེན་སྟེང་ཀྲུང་གོའི་གློག་བརྙན་ཆེས་ལེགས་པོའི་

གློག་བརྙན༼བདེ་སྐྱིད་མེ་ཏོག༽
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།འཁྲབ་ཁྲིད་པ་ཝང་ཡེ་ཡིས་འཁྲབ་ཁྲིད་བྱས་ཤིང་གཡང་ཕྱུག་མཚོ་དང་བློ་བཟང་སྙན་གྲགས་གཉིས་ཀྱིས་འཁྲབ་སྟོན་བྱས་པའི་གློག་བརྙན༼བདེ་སྐྱིད་མེ་ཏོག༽ཅེས་པར་འཇར་མན་གྱི་ཁི་ལོན་གློག་བརྙན་དུས་ཆེན་སྟེང་ཀྲུང་གོའི་གློག་བརྙན་ཆེས་ལེགས་པོའི་བྱ་དགའ་ཐོབ།
    གློག་བརྙན་འདིའི་ནང་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་བདེ་སྐྱིད་མེ་ཏོག་གིས་རླངས་འཁོར་གཏོང་དུས་ཐུགས་མཉམ་མ་བཞག་པར་རླངས་འཁོར་དོན་རྐྱེན་བྱུང་སྟེ་བུ་མོ་དགའ་དགའ་ཞེས་པར་རྨས་སྐྱོན་བཟོས་ནས་མཐར་ཁོ་མོ་ཚེ་ལས་འདས་པ་དང་། དུས་དེ་ནས་བཟུང་བདེ་སྐྱིད་མེ་ཏོག་གི་སེམས་སུ་སྡུག་བསྔལ་ཚད་མེད་སྐྱེས་ཤིང་གཉེན་ཉེ་དང་གྲོགས་པོའི་ཁ་ཏ་ལ་མ་ཉན་པར་རང་གི་ནག་ཉེས་ངོས་ལེན་བྱས་པའི་གཏམ་རྒྱུད་བརྗོད་ཡོད།  །
  • ལེ་ཚན་སྔོན་མ།:རྒྱ་གར་གྱི་ལྷ་ཁང་ཞིག་ནས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ་མི་གོ་གཅིག་རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:འབར་མ་སྲིད་གཞུང་གིས་ཐོག་དང་པོར་གྲངས་ཉུང་མི་རིགས་དྲག་ཆས་རྩ་འཛུགས་བར་གྲོས་མོལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།