ཕེ་རུ་རྒྱལ་ཁབ་ཏུ་རླངས་འཁོར་གསུམ་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-09-24

ཕེ་རུའི་ལྷོ་ཕྱོགས་ཀྱི་ཕུའུ་ནོའུ་ཞིང་ཆེན་གྱི་མངའ་ཁོངས་སུ་ཚེས་ཉེར་གཉིས་ཉིན་རླངས་འཁོར་གསུམ་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔ་ལ་རྨས་ཕོག་ཟེར།
ཕུའུ་ནོའུ་ཞིང་ཆེན་གྱི་གཞུང་ལམ་ཉེན་རྟོག་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་སྤྱོད་རླངས་འཁོར་ཆུང་བ་ཞིག་ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་ཡས་མས་སུ་ཧུའུ་ལེ་ཡཱ་ཁི་དང་ཝན་ཁཱ་ནེ་བར་གྱི་རི་ཁུལ་གཞུང་ལམ་བརྒྱུད་སྐབས། གཏེར་ལས་ཀུང་ཟི་ཞིག་གི་འགྲུལ་སྐྱེལ་རླངས་འཁོར་གཉིས་ལ་ཐོ་བརྒྱབ་སྟེ། རླངས་འཁོར་ལམ་འགྲམ་དུ་ལོག་ཟེར།
ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་བ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
ཕེ་རུའི་མངའ་ཁོངས་སུ་རི་མང་ཞིང་ནགས་རྫོབ་མཐུག་པ་དང་། འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བའི་རྒྱལ་ཁབ་ཅིག་རེད། ལམ་མི་བདེ་བ་དང་རླངས་འཁོར་མི་བཟང་བ། ཁ་ལོ་བར་དཔང་ཡིག་མེད་པར་རླངས་འཁོར་བསྐོར་བ་དང་ཡང་ན་ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་སོགས་ནི་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད།
  • ལེ་ཚན་སྔོན་མ།:དབྱི་རན་དང་ཕ་ཀི་སི་ཐན་གྱི་མཐའ་མཚམས་ས་ཁུལ་དུ་ས་ཡོམ་དྲག་པོ་བརྒྱབ་ནས་མི40རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་པའི་ཐད་ནས་བྲེལ་མྱུར་ཕྱི་འབྲེལ
  • དོ་སྣང་ཆེ་བའི་རྩོམ།