ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-04-19
ཕ་ཀི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕ་ཀི་སི་ཐན་མངའ་ཁོངས་ཀྱི་མ་ཧྲི་ཀེར་ས་ཁུལ་དུ་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཡིན་པ་དང་། ས་ཡོམ་དྲག་པོ་དེས་ས་ཁུལ་དེ་གར་ཉུང་མཐར་ཡང་མི34རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི150ལྷག་ལ་རྨས་སྐྱོན་ཕོག་ཡོད་ཅིང་། མི་ཧྲི་ཀེར་དང་ཉེ་འགྲམ་ས་ཁུལ་དུ་ཁང་པ་བརྒྱ་ཕྲག་ཁ་ཤས་ལ་གཏོར་སྐྱོན་བྱུང་ཡོད་པ་རེད།
པ་ཀི་སི་ཐན་གྱི་ཙུང་ཐུང་ཀྲར་ཏ་ལི་དང་གནས་སྐབས་ཙུང་ལི་མིར་ཧ་ཀྲར་ ཧན་ཧོ་སོས་ས་ཡོམ་དེས་མི་སྣ་ཤི་རྨས་བྱུང་བར་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་དང་། རོགས་སྐྱོར་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་རོགས་རམ་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10