དབྱི་རག་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི290ལྷག་ལ་ཤི་རྨས་བྱུང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-08-13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཟླ8པའི་ཚེས10ཉིན་བཤད་རྒྱུར། རྒྱལ་ས་པཱ་ཀ་ཏཱ་དང་བཅས་པའི་དབྱི་རག་གི་ས་ཁུལ་མང་བོ་ཞིག་ནས་ཉིན་དེར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབས་དང་རིམ་པ་བྱུང་སྟེ། ཉུང་མཐར་ཡང་མི40རྐྱེན་ལམ་དུ་ཤོར་བ་དང་། མི250ལྷག་ལ་རྨས་ཕོག་ཟེར།

མིང་བཤད་མི་འདོད་པའི་དབྱི་རག་ཉེན་རྟོག་ཕྱོགས་ཀྱི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། པཱ་ཀ་ཏཱ་ནས་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས10བྱུང་སྟེ། ཉུང་མཐར་ཡང་མི17རྐྱེན་ལམ་དུ་ཤོར་བ་དང་། མི100ལྷག་ལ་རྨས་ཕོག འཇབ་རྒོལ་གྱི་དམིགས་འབེན་གཙོ་བོ་ནི་ཚོང་ར་དང་། ཟ་ཁང་། ཇ་ཁང་སོགས་རེད། ཉིན་དེ་ནི་སྨྱུང་གྲོལ་དུས་ཆེན་སྐབས་ཡིན་པས་མང་ཚོགས་མང་བོ་ཕྱི་རོལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད་པའི་དབང་གིས་ཤི་རྨས་ཐེབས་པའི་མི་གྲངས་ཅུང་མང་བ་རེད།

པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་ཉིས་བརྒྱའི་མཚམས་སུ་ཡོད་པའི་ཐུའུ་ཙི་ཧུའུ་ཨར་མཱ་ཐུའུ་ནས། ཧྲི་ཡེ་ཕྱོགས་ཁག་གི་དབྱི་སི་ལན་ཆོས་ཁང་ཞིག་ཉེ་འདབས་ནས་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི11རྐྱེན་ལམ་དུ་ཤོར་བ་དང་། མི60ལ་རྨས་ཕོག ཐུའུ་ཙི་ཧུའུ་ཨར་མཱ་ཐུའུ་བྱང་ངོས་ཀྱི་སྤྱི་ལེ50ཙམ་གྱི་མཚམས་སུ་ཡོད་པའི་བྱང་ཕྱོགས་ཀྱི་རྡོ་སྣུམ་གྲོང་རྡལ་གཙོ་བོ་ཅི་ཨར་ཁུའུ་ཁི་ནས་ཧྲི་ཡེ་ཕྱོགས་ཁག་གི་དབྱི་སི་ལན་ཆོས་ཁང་གཞན་པ་ཞིག་ལ་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི1རྐྱེན་ལམ་དུ་ཤོར་བ་དང་། མི4ལ་རྨས་ཕོག

པཱ་ཀ་ཏཱའི་ལྷོ་ཕྱོགས་ཀྱི་སྤྱི་ལེ350ཡི་མཚམས་སུ་ཡོད་པའི་ནཱ་ཞི་ལི་ཡེ་ནས་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། བསྡོམས་པས་མི4རྐྱེན་ལམ་དུ་ཤོར་བ་དང་། མི67ལ་རྨས་ཕོག པཱ་ཀ་ཏཱའི་ལྷོ་ངོས་ཀྱི་སྤྱི་ལེ100ཡི་མཚམས་སུ་ཡོད་པའི་ལྷ་མཁར་ཁཱ་ཨར་པཱ་ལཱའི་ཚོང་ར་ཞིག་ལ་འགས་གཏོར་འཇབ་རྒོལ་ཐེབས་ཏེ། བསྡོམས་པས་མི5རྐྱེན་ལམ་དུ་ཤོར་བ་དང་མི11ལ་རྨས་ཕོག

དེ་ལས་གཞན་པཱ་ཀ་ཏཱའི་ལྷོ་ངོས་ཀྱི་སྤྱི་ལེ་ལྔ་བཅུའི་མཚམས་སུ་ཡོད་པའི་ཨར་མུའུ་སཱ་ནས་དྲག་ཆས་ཉེས་ཅན་གྱིས་མཚོན་ཆ་བཀོལ་ནས་མི་སེར་དཀྱུས་མར་འཇབ་རྒོལ་བྱས་པའི་དོན་རྐྱེན་ཞིག་བྱུང་སྟེ། བསྡོམས་པས་མི2རྐྱེན་ལམ་དུ་ཤོར་བ་དང་མི8ལ་རྨས་ཕོག  །

  • ལེ་ཚན་སྔོན་མ།:ལུའུ་ཁི་བུན་གྱིས་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བའི་མ་འོངས་པར་ཡིད་ཆེས་བྱེད་བཞིན་ཡོད་པ།
  • ལེ་ཚན་རྗེས་མ།:དབྱི་རག་ནས་ཚེས28ཉིན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་ནས་མི་ང་བདུན་རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།