ལུའུ་ཁི་བུན་གྱིས་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བའི་མ་འོངས་པར་ཡིད་ཆེས་བྱེད་བཞིན་ཡོད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ལུའུ་ཁི་བུན་གྱིས་སྤྱི་ཟླ7པའི་ཚེས29ཡི་ཉིན་ཨོ་སི་ཁྲུ་ལི་ཡཱའི་གྲོང་ཁྱེར་ཆེན་པོ་གཉིས་པ་མའོ་ཨར་པིན་ནས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་རུ་ཡོད་པའི་ཀྲུང་གོ་བ་ཨོ་སི་ཁྲུ་ལི་ཡཱའི་སྤྱི་ཚོགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་ཕན་ཚུན་གྱི་འབྲེལ་བར་སྔར་ལས་མཐོང་ཆེན་བྱས་པ་དང་བསྟུན་ནས། ཁོ་རང་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བའི་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ལུའུ་ཁི་བུན་གྱིས་ཨོ་སི་ཁྲུ་ལི་ཡཱའི་ལས་སྐྲུན་ཏེ་ཕུལ་དུ་བྱུང་བའི་ཀྲུང་གོ་བའི་ཚོང་གཉེར་མིག་དཔེ་མཁན་གྱི་བྱ་དགའ་སྟེར་བའི་དགོང་ཚོགས་ལ་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ཨོ་སི་ཁྲུ་ལི་ཡཱའི་ཚོང་དོན་ལས་རིགས་ཀྱི་ཕུལ་དུ་བྱུང་བའི་ཀྲུང་གོ་བའི་འཐུས་མི་བཅུ་ལྷག་ལ་བྱ་དགའ་སྟེར་སྐབས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱ་རུ་ཡོད་པའི་ཀྲུང་གོ་བའི་ཁ་གྲངས་མི་ས་ཡ་གཅིག་ལས་བརྒལ་ལ་ཉེ་བ་དང་། ཁོ་ཚོས་སྔར་ལས་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཉེ་སྔོན་ཞི་ནེ་ཡི་འདེམས་ཁུལ་ཞིག་གི་ཕ་ཡུལ་ཀྲུང་གོའི་ཡིན་པའི་ཆབ་སྲིད་པ་དེ་ཨོ་སི་ཁྲུ་ལི་ཡཱའི་བཟོ་བའི་ཏང་གི་ལོ་རྒྱུས་སྟེང་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་མིའི་འདེམ་སྒུག་པ་ཐོག་མར་གྱུར་རེད། དེ་ནི་ཨོ་སི་ཁྲུ་ལི་ཡཱ་རུ་ཡོད་པའི་ཀྲུང་གོ་བ་དང་ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ཚོགས་གང་ལ་མཚོན་ཡང་གཟི་བརྗིད་ཅིག་རེད་ཟེར།

ལུའུ་ཁི་བུན་གྱིས་བཤད་རྒྱུར། ཁོས་མགོ་ཁྲིད་པའི་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ད་ལྟ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་སྲིད་གཞུང་གིས་ཕན་ཚུན་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རྒྱང་རིང་གི་ཐུན་མོང་འཆར་གཞི་ཡོད་པས། ཁོ་རང་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བའི་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།  །

  • ལེ་ཚན་སྔོན་མ།:མཚོ་ལྷོའི་བྱ་མདོ་རུ་དྲུག་པའི་སྲོལ་རྒྱུན་སྤྲོ་ཚོགས་དང་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་བསྡུས་པ།
  • ལེ་ཚན་རྗེས་མ།:དབྱི་རག་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི290ལྷག་ལ་ཤི་རྨས་བྱུང་།
  • དོ་སྣང་ཆེ་བའི་རྩོམ།