ནེན་པ་ལེར་བྲོས་པའི་སི་རི་ཡའི་སྐྱབས་འཆོལ་པ་ཁྲི56ལས་བརྒལ།

        2013-07-09

ཞིན་ཧྭ་གསར་འགྱུར་ཁང་པའེ་ལུའུ་ཐེ་ནས་ཟླ་བ6པའི་ཚེས30ཉིན་འབྱོར་བའི་གཏམ་གསར། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་འཆོལ་དོན་གཅོད་མཐོ་རིམ་ཀྲོན་ཡོན་གཞུང་ལས་ཁང་ནས་གོང་ཚེས་ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་ཀྱི་གྲངས་ཀར་གཞིགས་ན། མིག་སྔར་ནེན་པ་ལེ་ལ་བྲོས་ནས་སྐྱབས་འཆོལ་གྱི་ཐོབ་ཐང་འཚོལ་བའི་སི་རི་ཡའི་མི་ཁྲི56.8ལས་བརྒལ་བ་རེད།
    སྐྱབས་འཆོལ་མཁན་འདི་དག་ཕལ་ཆེར་སི་རི་ཡའི་ས་མཚམས་ས་ཁུལ་དང་རྒྱལ་ས་པེ་ལུའུ་ཐེའི་ཉེ་སར་བཀོད་སྒྲིག་བྱས་ཤིང་། ནེན་པ་ལེ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་འབྲེལ་ཡོད་རྒྱལ་སྤྱི་ལས་ཁུངས་ཀྱིས་སྲུང་སྐྱོང་དང་རོགས་རམ་བྱས་པ་རེད།
    སྐྱབས་འཆོལ་པ་བཀོད་སྒྲིག་བྱེད་པའི་སྙན་ཞུའི་ནང་བསྟན་དོན། སི་རི་ཡའི་འཐབ་འཛིང་དེ་དང་དེ་བས་ཛ་དྲག་ཏུ་གྱུར་པ་དང་བསྟུན་ནས་དེ་ལས་དེ་མང་གི་སྐྱབས་འཆོལ་པ་ནེན་པ་ལེ་ལ་བྲོས་པ་རེད། སི་རི་ཡའི་སྐྱབས་འཆོལ་པར་བཀོད་སྒྲིག་བྱེད་ཆེད། མིག་སྔར་ནེན་པ་ལེའི་ཤར་རྒྱུད་པེ་ཁ་ཀུའུ་ཏི་དང་བྱང་རྒྱུད། ལྷོ་རྒྱུད་བཅས་ས་ཁུལ་དུ་དངོས་གཞི་མིན་པའི་སྦྲ་གུར283ཕུབ་ཏེ་བཀོད་སྒྲིག་བྱེད་ས་བྱས། འོན་ཀྱང་སི་རི་ཡའི་སྐྱབས་འཆོལ་པ་མང་པོ་ཡོང་བས་ནེན་པ་ལེའི་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་མི་ལྕོགས་པ་རེད། 
  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་ནགས་ཚལ་མེ་སྐྱོན་ལས་མེ་གསོད་མི་སྣ་བཅུ་དགུ་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་དང་གྲོས་མོལ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།