ཨ་མེ་རི་ཁའི་ནགས་ཚལ་མེ་སྐྱོན་ལས་མེ་གསོད་མི་སྣ་བཅུ་དགུ་རྐྱེན་ལམ་དུ་ཤོར་བ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-07-03

ཨ་མེ་རི་ཁའི་དཔོན་རིགས་གང་མང་ཞིག་གིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བདེན་དཔང་བྱས་དོན། ནུབ་ཕྱོགས་ཀྱི་ཡཱ་ལེ་སང་ནཱ་ཀྲིག་གི་ཡཱ་ནེ་ཨར་རི་བོའི་ནགས་ཚལ་ལ་མེ་སྐྱོན་བྱུང་སྟེ་མེ་གསོད་མི་སྣ་བཅུ་དགུ་རྐྱེན་ལམ་དུ་ཤོར། ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་གྱི་དགོང་མོའི་བར་མེ་སྐྱོན་ལ་སྔར་བཞིན་ཚོད་འཛིན་ཐོབ་མེད་པ་དང་། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཟླ་བདུན་པའི་ཚེས་གཅིག་ཉིན་ཡཱ་ལེ་སང་ནཱ་ཀྲིག་ཏུ་མི་སྣ་མངག་གཏོང་བྱས་ཏེ་མེ་སྐྱོན་ཚོད་འཛིན་བྱེད་པར་རོགས་རམ་བྱས།

ཡཱ་ནེ་ཨར་རི་བོ་དེ་ཧྥེ་ནེ་ཁི་སིའི་བྱང་ངོས་སུ་ཡོད་པ་དང་། ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ནགས་ཚལ་མེ་སྐྱོན་བྱུང་བ་དང་། ཚེས་སུམ་ཅུའི་ཉིན་མེ་སྐྱོན་བྱུང་བའི་ནགས་ཚལ་རྒྱ་ཁྱོན་སྨིད་ངོས་སྙོམས་གྲུ་བཞི་མ་བརྒྱ་ཕྲག་འགའ་ལ་བསླེབས་ཡོད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཡཱ་ལེ་སང་ནཱ་ཀྲིག་སྲིད་གཞུང་གིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་མེ་གསོད་མི་སྣ་ཉིས་བརྒྱ་དང་ལྔ་བཅུ་མེ་གསོད་པར་མངག་གཏོང་བྱས་པར་མ་ཟད། གྱེན་འཕུར་གནམ་གྲུས་བར་སྣང་ནས་ཆུ་གཏོར་ནས་མེ་གསོད་པར་རོགས་འདེགས་བྱེད་དུ་བཅུག

ས་གནས་བདེ་སྲུང་དཔོན་པོའི་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པ་སི་ཁུའུ་ཁཱ་ཡིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། མེ་གསོད་ཡུལ་དངོས་སུ་སོང་བའི་མེ་གསོད་མི་སྣ་བཅུ་དགུ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་གསལ་སྒྲོག་ཅིག་ལས་མེ་གསོད་མི་སྣ་དེ་དག་ནི་དཔའ་བོ་ཡིན་ཞིང་། ཁོ་ཚོས་ལས་རིགས་ལ་གོང་བཀུར་ཆེན་པོ་བྱེད་པ་དང་སྒེར་སེམས་མེད་པར་ཉེན་ཁའི་གནས་སུ་བསྡད་དེ་སྤྱི་དམངས་གཞན་པའི་ཚེ་སྲོག་དང་རྒྱུ་ནོར་ལ་སྲུང་སྐྱོབ་བྱས་པ་རེད་ཅེས་གཟེངས་བསྟོད་བྱས།

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོའི་བར། ནགས་ཚལ་མེ་སྐྱོན་ལ་སྔར་བཞིན་ཚོད་འཛིན་བྱེད་ཐུབ་མེད། ཡཱ་ལེ་སང་ནཱ་ཀྲིག་གི་དཔོན་པོ་མའོ་ལི་སིན་གྱིས་བཤད་རྒྱུར། སྡོད་ཁང་འགའ་ལ་མེ་དགྲའི་འཇིགས་པ་ཐེབས་ཡོད་ལ། ཡཱ་ནེ་ཨར་རི་བོ་དང་ཕིས་ཕུའུ་ཨར་སི་ཝ་ལེ་གྲོག་རོང་གི་སྡོད་དམངས་གནས་གཞན་དུ་བསྐྱལ་ཡོད་ལ། མི་སྣ་ཤི་རྨས་ཀྱི་གནས་ཚུལ་བསྒྲགས་མེད།

  • ལེ་ཚན་སྔོན་མ།:ཁྲའོ་ཞན་གྱིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་མཐོ་རིམ་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ།
  • ལེ་ཚན་རྗེས་མ།: ནེན་པ་ལེར་བྲོས་པའི་སི་རི་ཡའི་སྐྱབས་འཆོལ་པ་ཁྲི56ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།