རྣོ་སྦྲེང་ལགས་དབྱི་ཐ་ལི་ཨོ་སི་དཱ་ནས་ཡུམ་སྐད་རྩོམ་རིག་དུས་ཆེད་དུ་མགྲོན་འབོད་གནང་བ།

    དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།    2013-06-07

ན་གཞོན་རྩོམ་པ་པོ་དང་འཁྲབ་འཁྲིད་པ་རྣོ་སྦྲེང་ལགས་ཕྱི་ལོ་༢༠༡༣ ཟླ༦ ཚེས༡ཉིན་དབྱི་ཐ་ལི་ཨོ་སི་དཱ་ན་སྲིད་གཞུང་གིས་གཙོ་སྒྲུབ་གནང་བཞིན་པའི་སྐབས་ལྔ་བའི་ཡུམ་སྐད་རྩོམ་རིག་དུས་ཆེད་དུ་མགྲོན་འབོད་གནང་བ་ལྟར་མཉམ་ཞུགས་ཤིང་། འདུ་འཛོམས་དེར་རྒྱལ་ཁབ་འདྲ་མིན་གྱི་རྩོམ་པ་པོ་དང་། རྩོམ་སྒྲིག་པ། གློག་བརྙན་པ། གསར་འགོད་པ་སོགས་མཉམ་ཞུགས་གནང་ཡོད་པའི་ཁྲོད་རྣོ་སྦྲེང་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་། རིག་གནས། གློག་བརྙན་སོགས་ཀྱི་ཐད་གཏམ་བཤད་དང་། དྲི་བ་དྲིས་ལན་སོགས་ཆུ་ཚོད་བཞིའི་རིང་བྱས་ཡོད་འདུགའདུ་འཛོམས་འདིའི་སྟེང་ཨོ་སུ་དཱ་ནའི་གཞུང་དེབ་དུ་རྣོ་སྦྲེང་ལགས་ཀྱི་སྒྲུང་གཏམ་༼ཉི་ཐིག་གིས་འཚོས་པའི་གྲྭ་ཤག་གི་སྒེའུ་ཁུང་༽ཞེས་པའི་དབྱིན་འགྱུར་དང་དབྱི་ཐ་ལའི་ཡི་གེར་ཆེད་བསྒྲིགས་བཟོས་ཡོད་པ་དེ་ལ། གསེར་གྱི་རྟགས་མ་ཞིག་དང་། བརྩམས་སྒྲུང་གི་བརྗོད་བྱ་མཚོན་པའི་བྱེའུ་རྟགས་ཅན་གྱི་རྟགས་མ་ཞིག། དབྱི་ཐ་ལི་ཨོ་སུ་དཱ་ན་གཞུང་གི་རྒྱལ་དར་གཅིག་བྱས་ཀྱི་གཟེངས་རྟགས་ཕུལ་འདུགསྐབས་ལྔ་བའི་དབྱི་ཐ་ལིའི་ཨོ་སུ་དཱ་ནཱ་ཡུམ་སྐད་རྩོམ་རིག་དུས་ཆེན་དུ་ཧྥ་རིན་སི་དང་། འཇར་མིན། དབྱིན་ཇི། དབྱི་ཐ་ལི་སོགས་རྒྱལ་ཁབ་དྲུག་ནས་ཕེབས་པའི་མི་དྲུག་ལ་གཟེངས་སྐྱེས་རེག་ཡོད་འདུག་པ་དང་། རྩོམ་པ་པོ་དང་འཁྲབ་འཁྲིད་པ་རྣོ་སྦྲེང་ལགས་ཀྱང་དེའི་ཁྲོད་ཚུད་པའི་ཡོད་འདུག
  • ལེ་ཚན་སྔོན་མ།:ཕ་ལི་སི་ཐན་ཙུང་ཐུང་གིས་ཧ་མ་ཏེ་ཙུང་ལི་གསར་པར་བསྐོ་བཞག་བྱས།
  • ལེ་ཚན་རྗེས་མ།:ཁྲའོ་ཞན་གྱིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་མཐོ་རིམ་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ།
  • དོ་སྣང་ཆེ་བའི་རྩོམ།