ཕ་ལི་སི་ཐན་ཙུང་ཐུང་གིས་ཧ་མ་ཏེ་ཙུང་ལི་གསར་པར་བསྐོ་བཞག་བྱས།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-06-04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལི་སི་ཐན་གྱི་ཙུང་ཐུང་ལས་བཞག་གི་གནས་ཚུལ་ཤེས་མཁན་མི་སྣས་སྤྱི་ཟླ6པའི་ཚེས2ཉིན། ཕ་ལི་སི་ཐན་གྱི་ཙུང་ཐུང་ཨ་པ་སེས་ཉིན་དེར་ལ་མི་ཧ་མ་ཏེ་ཙུང་ལི་གསར་པར་བསྐོ་བཞག་བྱས་པ་དང་ས་ལ་མུ་ཧྥ་ཡད་ཚེའི་ཚབ་བྱས་ནས་སྲིད་གཞུང་གསར་པ་འཛུགས་རྒྱུ་ཡིན་པ་རེད། ཧ་མ་ཏེས་ལས་གནས་དེ་དང་ལེན་བྱས་ཟིན་པ་མ་ཟད་གཟའ་འཁོར་གསུམ་ནང་སྲིད་གཞུང་གསར་པ་འཛུགས་པའི་ལས་དོན་ལེགས་གྲུབ་ཐུབ་པ་བྱ་རྒྱུ་ཡིན་པ་བསྟན་ཡོད་ཅེས་བཤད་ཡོད་པ་རེད། ཧ་མ་ཏེ་ནི་སྤྱི་ལོ1958ལོར་སྐྱེས་པ་དང་། དེ་སྔོན་དབྱིན་ཇིར་འབུམ་རམས་པའི་སློབ་གནས་ཐོབ་མྱོང་ཡོད་ཅིང་། ད་ལྟ་ཕ་ལི་སི་ཐན་དན་ན་ཅ་ཧེ་སློབ་ཆེན་གྱི་སློབ་ཕྱིའི་འགན་ཁུར་གྱི་ཡོད་པ་རེད། 2002ལོ་ནས་བཟུང་ཧ་མ་ཏེས་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དང་ཕ་ལི་སི་ཐན་རྩ་ཁྲིམས་འཆར་ཟིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ཁུར་ཡོད་པ་རེད།  །
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་ཧྥེ་ཅིའི་ཙུང་ལི་མུའུ་པད་ཉི་མཱ་ལ་མཱ་དང་གྲོས་མོལ་མཛད།
  • ལེ་ཚན་རྗེས་མ།:རྣོ་སྦྲེང་ལགས་དབྱི་ཐ་ལི་ཨོ་སི་དཱ་ནས་ཡུམ་སྐད་རྩོམ་རིག་དུས་ཆེད་དུ་མགྲོན་འབོད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།