ཨུ་རུ་སིའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-05-28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་སྤྱི་ཟླ5བའི་ཚེས26ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུ་ཆུང་བ་ཞིག་ཚེས26ཉིན་གྱི་དགོང་མོར་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་དུ་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི3པོ་ཚང་མ་རྐྱེན་ལམ་དུ་ཤོར།

བྲེལ་མྱུར་གནས་ཚུལ་པུའུ་ཡིས་བཤད་རྒྱུར། སར་ལྷུང་བའི་གནམ་གྲུ་དེ་ནི་གནམ་གྲུ་ཆུང་བ་ཞིག་ཡིན་པ་དང་། དོན་རྐྱེན་བྱུང་སྐབས་ཞིང་སྨན་གཏོར་བའི་ལས་འགན་ལག་བསྟར་བྱེད་བཞིན་ཡོད་པ་རེད། གནམ་གྲུའི་སྟེང་དུ་ཁ་ལོ་བ2དང་འགྲུལ་བ1བཅས་ཡོད།

གནམ་གྲུ་སར་ལྷུང་སའི་གནས་དེ་ནི་ཁི་ལཱ་སི་ནོའུ་ཏཱ་ཨར་གྲོང་ཁྱེར་དང་བར་ཐག་སྤྱི་ལེ12ཡོད་པ་དང་། དོན་རྐྱེན་དེ་ལས་ས་ངོས་ཀྱི་མི་སྣར་ཤི་རྨས་བཟོས་མེད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། རྒུད་སྐྱོབ་མི་སྣ་དག་གནམ་གྲུ་སར་ལྷུང་ནས་སྐར་མ15ཡི་རྗེས་སུ་ཡུལ་དངོས་སུ་འབྱོར་ཡང་སྲོག་ཉེན་ལས་ཐར་བའི་མི1ཀྱང་མ་རྙེད་ཟེར།  །
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གླེང་མོལ་མཛད་པ།
  • ལེ་ཚན་རྗེས་མ།:ནང་བསྟན་ཆོས་ལུགས་ཀྱི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་ཁོ་རེ་ཡའི་རྒྱལ་ས་ཧྲིག་ཨར་ནས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།