ནང་བསྟན་ཆོས་ལུགས་ཀྱི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་ཁོ་རེ་ཡའི་རྒྱལ་ས་ཧྲིག་ཨར་ནས་སྤེལ།

ཚེ་རིང་རྒྱ་མཚོ།    ཀྲུང་གོ་བོད་ཀྱི་དྲ་བ།    2013-05-31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན།མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་། ཁོ་རེ་ཡའི་རྒྱལ་ས་ཧྲིག་ཨར་དུ་སྡོད་པའི་ཀྲུང་གོ་རིག་གནས་ལྟེ་གནས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་།མཚོ་སྔོན་ཞིང་ཆེན་བཟོ་བཀོད་མཛེས་རྩལ་སྲུང་སྐྱོབ་དོ་དམ་གཞུང་སྒྲུབ་ཁང་།མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་བཅས་ཀྱིས་སྒྲུབ་འགན་ཁུར་པའི་མཚོ་སྔོན་ནང་བསྟན་ཆོས་ལུགས་ཀྱི་ཕུལ་བྱུང་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་མཛད་སྒོ་ཁོ་རེ་ཡའི་རྒྱལ་ས་རུ་སྡོད་པའི་ཀྲུང་གོི་རིག་གནས་ལྟེ་གནས་སུ་སྤེལ།ནང་བསྟན་ཆོས་ལུགས་ལས་རིགས་ཁག་གི་མི་སྣ་དང་ལྟད་མོ་བ་སོགས་མི100ལྷག་རིག་དངོས་འགྲེམ་སྟོན་སྤེལ་བའི་མཛད་སྒོར་ཞུགས།

རྒྱུས་ལོན་པ་ལྟར་ན།ཐེངས་འདིར་ཁོ་རེ་ཡ་རུ་འགྲེམ་སྟོན་བྱས་པའི་མཚོ་སྔོན་ནང་བསྟན་ཆོས་ལུགས་རིག་གནས་ཀྱི་སྒྱུ་རྩལ་བརྩམས་ཆོས80ལྷག་ནི་རང་ཞིང་གི་ཀྲུང་གོའི་བཟོ་བཀོད་མཛེས་རྩལ་པ་དང་།རྒྱལ་ཁབ་རིམ་པའི་གཟིགས་འདས་རིག་དངོས་ལས་གཞིའི་འཐུས་ཚབ་རང་བཞིན་ལྡན་པའི་རྒྱུད་འཛིན་པ།དམངས་ཁྲོད་སྒྱུ་རྩལ་པ་གྲགས་ཅན་བཅས་ཁྲོད་དུ་བསྡུས་པའི་ཕུལ་བྱུང་བརྩམས་ཆོས་ཡིན་ལ།གནའ་བོའི་ནང་བསྟན་རིག་གནས་སྒྱུ་རྩལ་གྱི་གདན་རབས་འདུས་པ་མ་ཟད།དེང་རབས་སྒྱུ་རྩལ་བརྩམས་ཆས་ཕུལ་བྱུང་ཅན་སོགས་འདུས་བའི་རིག་དངོས་འགྲེམ་སྟོན་ཞིག་ཡིན།གཞི་རྒྱ་ཆེ་ཞིང་སྣ་མང་འཛོམས་པོའི་སྒོ་ནས་མཚོ་སྔོན་ནང་བསྟན་ཆོས་ལུགས་རིག་གནས་སྒྱུ་རྩལ་ཕུན་སུམ་ཚོགས་ཤིང་ཉུང་བཅུད་ལྡན་པ་མཚོན་ཡོད་པ་དང་། ཁོ་རེ་ཡའི་རྒྱ་ཆེའི་ལྟ་མཁན་པར་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རྣམ་པ་དང་འཛམ་གླིང་གི་ཡང་རྩེ་རུ་ཆགས་ཡོད་པའི་རིག་གནས་རྒྱུས་ལོན་བྱེད་པར་མཐུན་རྐྱེན་བསྐྲུན། 

ཐེངས་འདིའི་འགྲེམ་སྟོན་ཁོ་རེ་ཡ་རྒྱལ་ཁབ་ནས་ཟླ་གཅིག་རིང་འགྲེམ་སྟོན་བྱ་རྒྱུ་རེད།  ། 

  • ལེ་ཚན་སྔོན་མ།:ཨུ་རུ་སིའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཧྥེ་ཅིའི་ཙུང་ལི་མུའུ་པད་ཉི་མཱ་ལ་མཱ་དང་གྲོས་མོལ་མཛད།
  • དོ་སྣང་ཆེ་བའི་རྩོམ།