ཡོ་རོབ་གླིང་མནའ་འབྲེལ་གྱིས་སེ་ཕུའུ་ལུའུ་སི་རྒྱལ་ཁབ་ཀྱིས་གང་མགྱོགས་སྒོས་རང་སྐྱོབ་ཇུས་གཞི་གསར་བ་འདོན་དགོས་པའི་འབོད་སྐུལ་བཏང་བ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-03-22

སེ་ཕུའུ་ལུའུ་སིའི་གྲོས་ཁང་གིས་ཚེས་བཅུ་དགུ་ཉིན་གསོག་དངུལ་ལ་ཁྲལ་བསྡུ་བའི་གྲོས་གཞི་ལ་ཁས་ལེན་མ་བྱས་པར་དམིགས་ཏེ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུའི་ཉིན་གསལ་བསྒྲགས་སྤེལ་ཏེ། སེ་ཕུའུ་ལུའུ་སི་རྒྱལ་ཁབ་ཀྱིས་གང་མགྱོགས་སྒོས་རང་སྐྱོབ་ཇུས་གཞི་གསར་བ་འདོན་དགོས་པའི་འབོད་སྐུལ་བཏང་།

གསལ་བསྒྲགས་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སེ་ཕུའུ་ལུའུ་སིའི་སྲིད་གཞུང་གིས་མྱུར་དུ་ཇུས་གཞི་གསར་བ་བཏོན་ཏེ། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་། གསལ་བསྒྲགས་ལས་ད་རུང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྔར་བཞིན་ཡོ་རོབ་གླིང་གི་སྒོར་མོའི་སྡེ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་ལས་ཁུངས། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་བཅས་དང་མཉམ་དུ་སེ་ཕུའུ་ལུའུ་སི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

  • ལེ་ཚན་སྔོན་མ།:འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཕུའུ་ཐའོ་ཡཱ་རུ་འཚམས་འདྲི་བྱས་པ།
  • ལེ་ཚན་རྗེས་མ།:༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་༽ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།