༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་༽ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

        2013-03-22

༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་༽ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་༽ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་༽ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་༽ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།







 

ཉེ་ཆར་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་རྩོམ་སྒྲིག་ཚོ་ཆུང་གིས་དུས་རབས་གསར་བའི་ནང་གསར་དུ་བྱུང་བའི་ཐ་སྙད་ལ་བོད་ཀྱི་སྐད་བརྡའི་ཁྱད་ཆོས་དང་མཐུན་པར་མིང་འདོགས་པ་དང་། ལྷག་པར་དུ་ནམ་རྒྱུན་གྱི་འཚོ་བའི་ནང་གི་ཐ་སྙད་ཐམས་ཅད་རང་གི་སྐད་ཡིག་གི་ལམ་ནས་བརྗོད་པ། མིང་བརྡ་ཐ་སྙད་ཀྱི་རྣམ་བཞག་འཐུས་ཚང་བར་འཛུགས་པ། སྐད་དང་ཡི་གེའི་ཁྱད་ཆོས་རྙིང་བ་སྔོག་འདོན་དང་གསར་བ་གཏན་འབེབས་བྱེད་པ་སོགས་སུ་དམིགས་ནས་རྩོམ་སྒྲིག་བྱས་པའི༼ རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད ༽ཅེས་པ་དང་༼ རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད ༽ ཁ་སྐོང་གི་དེབ་གཉིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲེམ་སྤེལ་བྱས་པ་རེད། 
  རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་རྩོམ་སྒྲིག་ཚོ་ཆུང་གིས་ལོ་ངོ་བདུན་གྱི་རིང་ལ་མིང་མཛོད་ཆེ་ཆུང་བཞི་རྩོམ་སྒྲིག་བྱས་པ་སྟེ། ལོ་འགའི་སྔོན་ལ༼ རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད ༽ཅེས་པའི་ཡན་ལག་ཏུ་རིས་འགྲེལ་ལམ་རི་མོ་དང་བཅས་པའི་མིང་མཛོད་གཉིས་དང་། ད་ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་ལྷན་ཐབས་ཀྱི་དེབ་གཉིས་བཅས་རྩོམ་སྒྲིག་བྱས།
 
ཐེངས་འདིར་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད》ཅེས་པའི་ལྷན་ཐབས་དེབ་ནང་དུ་ཚན་རིག་ལག་རྩལ་སྐོར་དང་རང་བྱུང་ཁོར་ཡུག་གི་སྐོར།  འཚོ་བའི་མཁོ་ཆས་སྐོར། ཟས་རིགས་ཀྱི་སྐོར། བཟོ་རིག་གི་སྐོར། གསོ་རིག་གི་སྐོར། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་གླིང་ལྔའི་མིང་འདོགས་ཚུལ་སྐོར་སོགས་ཤེས་བྱ་ཕུན་སུམ་ཚོགས་པོ་འདུས་ཤིང་། དེབ་འདིས་མདོ་དབུས་ཁམས་གསུམ་གྱི་གསར་དུ་བྱུང་བཞིན་པའི་ཐ་སྙད་གཅིག་གྱུར་བྱེད་པ་དང་། བོད་ཀྱི་མིང་བརྡའི་བང་མཛོད་ཀྱི་རྫོངས་ཇེ་སྟུག་ཏུ་གཏོང་བ། དེར་མ་ཟད་རོང་འབྲོག་མང་ཚོགས་དང་སློབ་མ། ལས་བྱེད་པ་སོགས་སྤྱི་བྱིངས་ཀྱི་རྒྱ་བོད་དབྱིན་གསུམ་གྱི་ཤེས་བྱའི་ཆུ་ཚད་མཐོ་རུ་འདེགས་པ་བཅས་སུ་དགེ་མཚན་དང་མཐུན་རྐྱེན་བླ་ན་མེད་པ་བསྐྲུན་འདུག་པ་རེད།
 

  • ལེ་ཚན་སྔོན་མ།:ཡོ་རོབ་གླིང་མནའ་འབྲེལ་གྱིས་སེ་ཕུའུ་ལུའུ་སི་རྒྱལ་ཁབ་ཀྱིས་གང་མགྱོགས་སྒོས་རང་སྐྱོབ་ཇུས་གཞི་གསར་བ་འདོན་ད
  • ལེ་ཚན་རྗེས་མ།:༼རླུང་དམར་འུར་འུར༽རྒྱ་འགྱུར་མ་ཧང་ཀང་དུ་པར་སྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།