ནེ་ཀྲི་རི་ཡཱ་ནས་གྲུ་གཟིངས་གཙང་བོར་ནུབ་སྟེ་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར།

བསོད་ནམས་ཚེ་རིང་།        2013-03-22

ནེ་ཀྲི་རི་ཡཱའི་རྒྱ་གྲམ་དམར་པོ་ཚོགས་པའི་གསར་འགྱུར་དཔོན་པོས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་ཤར་ལྷོ་ཕྱོགས་ཀྱི་ཁི་ལོ་སི་ཧི་ཀྲིག་ནས་ཚེས་བཅུ་དགུའི་ཉིན་གྲུ་གཟིངས་གཙང་བོར་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་ཟེར།

ནེ་ཀྲི་རི་ཡཱའི་རྒྱ་གྲམ་དམར་པོ་ཚོགས་པའི་གསར་འགྱུར་དཔོན་པོ་མུའུ་ལེ་ཡིས་གསར་འགོད་པར་བཤད་རྒྱུར། མིག་སྔར་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་པ་དང་། ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར། གྲུ་གཟིངས་དེའི་སྟེང་ཉུང་མཐར་ཡང་འགྲུལ་བ་བརྒྱ་དང་དྲུག་ཅུ་དྲུད་ཡོད་པས། ཤི་བོའི་ཁ་གྲངས་ད་རུང་ཇེ་མང་དུ་འགྲོ་ངེས་རེད་ཟེར།

ཚེས་བཅུ་དགུ་ཉིན་གྱི་དགོང་མོར། གྲུ་གཟིངས་ཤིག་ཁི་ལོ་སི་ཧི་ཀྲིག་ཨོ་ལོན་གཙང་བོར་ནུབ། ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། གྲུ་གཟིངས་དེའི་སྟེང་གི་འགྲུལ་བ་མང་ཤོས་ནི་ནེ་ཀྲི་རི་ཡཱའི་མི་ཡིན་ཟེར།

ཉིན་དེའི་དགོང་མོར་ནེ་ཀྲི་རི་ཡཱའི་བྲེལ་མྱུར་ལས་དོན་ཐག་གཅོད་ཁང་གི་དཔོན་པོ་ཧྲུའུ་ཨེ་པུའུ་ཡིས་གསར་འགོད་པར་བདེན་དཔང་བྱས་དོན། སྲོག་ཉེན་ལས་ཐར་བའི་མི་གཉིས་ལ་ཁི་ལོ་སི་ཧི་ཀྲིག་གི་ལྟེ་གནས་གྲོང་ཁྱེར་ཁཱ་ལཱ་པཱ་ཡི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་ཟེར།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་ཁ་པར་བཏང་།
  • ལེ་ཚན་རྗེས་མ།: འཛའ་གླིང་ཐོག་ཆེས་ཆེ་བའི་ཉི་ནུས་གནམ་གྲུ་ཨ་རིའི་ཁོངས་ལས་བརྒལ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།