འཛའ་གླིང་ཐོག་ཆེས་ཆེ་བའི་ཉི་ནུས་གནམ་གྲུ་ཨ་རིའི་ཁོངས་ལས་བརྒལ་རྒྱུ།

        2013-05-07

འཛམ་གླིང་ཐོག་ཆེས་ཆེ་བའི་ཉི་ནུས་གནམ་གྲུ་སྟེ“ཉི་མས་སྐུལ་བའི”རྟགས་ཅན་གྱི་ཉི་ནུས་གནམ་གྲུ་དེ་ཟླ་བ5པའི་ཚེས3ཉིན་གི་ཞོགས་པ་སྔ་མོར་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ཡི་མང་ཐིང་ཝེ་ཡུང་གྲོང་ཁྱེར་གྱི་མོ་ཧྥེ་ཐའེ་གནམ་གྲུ་ཐང་ནས་འཕུར་འགོ་ཚུགས་ནས་རྒྱུན་མཐུད་དེ་ཆུ་ཚོད19འཕུར་སྐྱོད་བྱེད་ཐུབ་པར་སྔོན་རྩིས་བྱེད་ཐུབ། ཕྱི་ཉིན་གྱི་ཞོགས་པ་སྔ་མོར་ཡ་ལི་སྲུང་ལ་ཀྲོའུ་ཡི་ཧྥ་ཉི་ཁེ་སིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབ་རྒྱུ། ཉི་ནུས་གནམ་གྲུ་དེ་འཕུར་སྐྱོད་བྱེད་རིམ་འབར་རྫས་སྣུམ་ཅི་ཡང་སྤྱོད་མི་དགོས། རྦད་དེ་ཉི་ནུས་ཀྱིས་ཐོན་པའི་གློག་ཤུགས་ཀྱིས་འདེད་སྐུལ་བྱེད་པ་རེད། མཁའ་འགྲུལ་ལམ་ཐག་དང་པོ་འཕེལ་སྐྱོད་བྱས་རྗེས་ཉི་ནུས་གནམ་གྲུ་དེ་ནུབ་རྒྱུད་ནས་ཤར་རྒྱུད་དུ་ཨ་རིའི་ཁོངས་ལས་བརྒལ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ནེ་ཀྲི་རི་ཡཱ་ནས་གྲུ་གཟིངས་གཙང་བོར་ནུབ་སྟེ་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:ཧེ་ལུང་ཅང་ཞིང་ཆེན་གྱིས་ད་ལོར་དམིགས་ཚད་མཐོ་བའི་ས་ཞིང་མུའུ་ཁྲི800བསྐྲུན་ནས་འབྲུ་མཛོད་སྲ་བརྟན་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།