ཧེ་ལུང་ཅང་ཞིང་ཆེན་གྱིས་ད་ལོར་དམིགས་ཚད་མཐོ་བའི་ས་ཞིང་མུའུ་ཁྲི800བསྐྲུན་ནས་འབྲུ་མཛོད་སྲ་བརྟན་བྱ་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2013-05-07

ཞིན་ཧྭ་གསར་འགྱུར་ཁང་ཧར་པིན་ནས་ཟླ་བ4པའི་ཚེས17ཉིན་འབྱོར་བའི་གཏམ་གསར། ཧེ་ལུང་ཅང་ཞིང་ཆེན་གྱི་རྒྱལ་ས་ཐུན་ཁུངས་ཐིང་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་གལ་ཆེའི་ཚོང་འབྲུའི་ཐོན་སྐྱེད་རྟེན་གཞི་ཡིན་པའི་ཧེ་ལུང་ཅང་ཞིང་ཆེན་གྱིས་ད་ལོར་དམིགས་ཚད་མཐོ་བའི་ས་ཞིང་མུའུ་ཁྲི800ལྷག་བསྐྲུན་རྒྱུའི་འཆར་གཞི་བཞག་སྟེ་ས་ཞིང་བདག་བཅོས་ཀྱི་ལས་ཀ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་ལ་འགན་སྲུང་། ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་བ། ས་ཞིང་གི་བེད་སྤྱོད་བྱེད་ཚད་བཟང་སྒྲུབ་བྱེད་པ་སོགས་ལ་མུ་མཐུད་དེ་གལ་ཆེའི་ནུས་པ་འདོན་སྤེལ་བྱ་རྒྱུའི་འཆར་གཞི་བཞག་ཡོད།
    ཧེ་ལུང་ཅང་ཞིང་ཆེན་རྒྱལ་ས་ཐོན་ཁུངས་ཐིང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ན་ལོར་ཞིང་ཆེན་དེས་དམིགས་ཚད་མཐོ་བའི་ས་ཞིང་མུའུ་ཁྲི847.07བསྐྲུན་རྒྱུའི་ལས་འགན་ལེགས་འགྲུབ་བྱུང་ནས་ཚད་བརྒལ་ཏེ་རྒྱལ་ཁབ་ཀྱིས་ས་ཞིང་མའུ་ཁྲི135.07བསྐྲུན་རྒྱུའི་ལས་འགན་ཁྱབ་བསྒྲགས་བྱེད་པ་ལས་བརྒལ་ཡོད། མིག་སྔར་སླེབས་དུས། ཧེ་ལུང་ཅང་ཞིང་ཆེན་གྱིས་དམིགས་ཚད་མཐོ་བའི་གཞི་རྩའི་ས་ཞིང་མུའུ་ཁྲི1429.89བསྐྲུན་ཡོད་ཅིང་། རྨོ་ཞིང་མུའུ་ཁྲི192.17གསར་བཟོ་བྱས་ཡོད། 
  • ལེ་ཚན་སྔོན་མ།: འཛའ་གླིང་ཐོག་ཆེས་ཆེ་བའི་ཉི་ནུས་གནམ་གྲུ་ཨ་རིའི་ཁོངས་ལས་བརྒལ་རྒྱུ།
  • ལེ་ཚན་རྗེས་མ།:ཨུ་རུ་སི་དང་དབྱི་སི་རལ་གྱིས་སི་རི་ཡཱའི་གནས་བབ་ལ་ཤུགས་སྣོན་པར་གྲོས་མོལ་བྱེད་རྒྱུ་ཐག་བཅད་པ།
  • དོ་སྣང་ཆེ་བའི་རྩོམ།