མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-05-16
ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སོ་ཆི་ནས་ནེ་ཐཱ་ནི་ཡཱ་ཧུའུ་དང་གྲོས་མོལ་བྱས། ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཀྲུང་ཏུང་གི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་པ་དང་། སི་རི་ཡཱའི་མིག་སྔའི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མགོ་ཁྲིད་པ་དང་འབྲེལ་ཡོད་སྡེ་ཁག་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་རྒྱུའི་ཐག་བཅད།
ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་བལྟས་ན། སི་རི་ཡཱ་རྒྱལ་ནང་དུ་བྱུང་བའི་དྲག་ཤུགས་འཁྲུག་རྩོད་ཀྱིས་སི་རི་ཡཱ་དང་ས་ཁུལ་ཡོངས་ལ་གནོད་འཚེ་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པ་དང་། ངེས་པར་དུ་སྔ་མོ་ནས་དྲག་ཆས་འཁྲུག་རྩོད་མཚམས་འཇོག་པ་དང་། ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་འཕེལ་རིམ་མགོ་རྩོམ་དགོས་པ་དང་། གནད་འགག་གི་དུས་རིམ་དེར་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་འགུལ་སྐྱོད་གང་རུང་སྤེལ་མི་རུང་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཀྲུང་ཏུང་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཀྲུང་ཏུང་ས་ཁུལ་གྱི་བརྟན་འཇགས་དང་བདེ་འཇགས་སྲ་བརྟན་དུ་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས། ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་ཁྱིམ་མཚེས་རྒྱལ་ཁབ་དག་དང་ཞི་བདེ་མཉམ་གནས་བྱེད་པར་བརྩོན་བཞིན་ཡོད་པ་དང་། རྒྱལ་ཁབ་སོ་སོའི་བར་ཞི་བའི་གྲོས་མཐུན་འགོད་འདོད་ཡོད་ཟེར།
སི་རི་ཡཱའི་ཉམས་ཉེན་ལས་གཞན་ཨུ་རུ་སི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་། མི་གཞུང་མཉམ་ལས། དེ་མིན་མཉམ་དུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་དོན་དངོས་བསྒྱུར་བཅོས་བྱེད་པར་ངོ་རྒོལ་བྱེད་པ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10