རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་ཁ་པར་བཏང་།

བཀྲ་ཤིས་འབུམ།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-03-22

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་དུས་བཅད་ལྟར་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་ཁ་པར་བཏང་།
ཕེའོ་ཅིན་ཧོས་ཀྱིས་ཞི་ཅིན་ཕེན་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་རྟེན་འབྲེལ་ཞུས། མོས་བཤད་རྒྱུར། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཏོན་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་བསམ་མངོན་འགྱུར་བྱེད་རྒྱུ་དེར་ཚད་མཐོན་པོའི་གཟེངས་བསྟོད་བྱེད་པ་ཡིན་ལ། ཧན་གོ་ཡིས་རྒྱལ་ཁབ་འཕེལ་རྒྱས་དང་རྒྱལ་དམངས་བདེ་སྐྱིད་ཡོང་བར་བརྩོན་ལེན་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་དང་དམངས་ཁྲོད་ཀྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ནང་དོན་ཕུན་སུམ་ཚོགས་པར་བཏང་ནས། ཧན་གོ་དང་ཀྲུང་གོའི་འབྲེལ་བ་དེ་ད་ཡོད་ཀྱི་རྨང་གཞིའ་སྟེང་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཞི་ཅིན་ཕེན་གྱིས་ཕེའོ་ཅིན་ཧོས་ཀྱིས་ཁོ་ལ་རྟེན་འབྲེལ་ཞུས་པར་བཀའ་དྲིན་ཆེ་ཞུས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཉི་ཤུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དེས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་པར་མ་ཟད། ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་བཏོན། གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་དང་ཧན་གོས་རྒྱུས་ལོན་དང་ཡིད་ཆེས། མཉམ་ལས་བཅས་ལ་ཤུགས་སྣོན་རྒྱུ་དེ་རྒྱལ་ཁབ་གཉིས་དང་ས་གནས་རང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་དོན་སྙིང་གལ་ཆེན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧན་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཧན་གོ་ནི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ལ་བརྩི་བཞིན་ཡོད་པར་མ་ཟད། ཧན་གོ་ཕྱོགས་དང་མཉམ་དུ་སྔར་སོང་རྗེས་མཐུད་དང་མ་འོངས་གསར་གཏོད་བྱས་ནས། ཀྲུང་གོ་དང་ཧན་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུད་འདེད་གཏོང་འདོད་ཡོད་ཟེར། 
  • ལེ་ཚན་སྔོན་མ།:ཐེའེ་ཚང་རྒྱལ་སྤྱིའི་མཆོང་རྒྱུག་འགྲན་བསྡུར་ཁྲོད་ཆོས་དབྱིངས་སྐྱིད་ལ་བྱ་དགའ་ཨང་གསུམ་པ་ཐོབ།
  • ལེ་ཚན་རྗེས་མ།:ནེ་ཀྲི་རི་ཡཱ་ནས་གྲུ་གཟིངས་གཙང་བོར་ནུབ་སྟེ་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།