ཨེ་ཅིབ་ནས་མེ་འཁོར་ཞིག་དང་གླ་གཏོང་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་དྲ་བ།    བསོད་ནམས་ཚེ་རིང་།    2013-01-18

ཚེས་བཅུ་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། མེ་འཁོར་ཞིག་ཉིན་དེར་ཏཱ་ཁེ་ལོ་ཅི་སཱ་ཞིང་ཆེན་གྱི་མུའུ་ཧན་ཏིས་ཞིན་ས་ཁུལ་དུ་སྒྲིག་སྲོལ་དང་འགལ་ཏེ་ལྕགས་ལམ་བརྒལ་བའི་གླ་གཏོང་རླངས་འཁོར་ཞིག་ལ་ཐོ་བརྒྱབ་སྟེ། རླངས་འཁོར་ནང་གི་མི་བཞི་བོ་རྐྱེན་ལམ་དུ་ཤོར་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། མེ་འཁོར་ལམ་ཁ་དེར་ཐོན་ལ་ཉེ་སྐབས་ལས་བྱེད་མི་སྣས་ལྕགས་ཐག་འཐེན་ནས་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་ཚང་མ་བཀག་ཀྱང་། གླ་གཏོང་རླངས་འཁོར་ཞིག་གིས་ལས་བྱེད་མི་སྣའི་བཀག་འགོག་བྱས་པར་ཅི་མི་སྙམ་པར་ལྕགས་ལམ་བརྒལ་རྩིས་བྱས། སྐབས་དེར་མེ་འཁོར་ཐོན་པ་དང་གླ་གཏོང་རླངས་འཁོར་དེ་ཡོལ་ཐབས་མ་བྱུང་ལ། རླངས་འཁོར་གྱི་ཁ་ལོ་བས་སྒོ་ཕྱེས་ཏེ་ཕྱིར་ལྡིང་བས་སྲོག་ཉེན་ལས་ཐར་ཡང་། རླངས་འཁོར་སྟེང་གི་བུད་མེད་ཅིག་དང་དེའི་བྱིས་པ། འགྲུལ་བ་གཞན་པ་གཉིས་བཅས་རྐྱེན་ལམ་དུ་ཤོར་ཟེར།

དོན་རྐྱེན་དེ་མ་བྱུང་གོང་གི་སྔ་ཉིན། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ལྷོ་ངོས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཡོད་པའི་ཅི་སཱ་ས་ཁུལ་དུ་དམག་མི་སྐྱེལ་འདྲེན་བྱེད་པའི་མེ་འཁོར་ཞིག་ལྕགས་ལམ་ལས་བརྒལ་ཏེ། མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག་པ་རེད།

  • ལེ་ཚན་སྔོན་མ།:གྱེན་འཕུར་གནམ་གྲུ་ཞིག་ལོན་ཏོན་གྲོང་ཁྱེར་ལྟེ་གནས་ནས་སར་ལྷུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:ཆོས་དབྱིངས་སྐྱིད་ལ2012ལོའི་ཕུལ་བྱུང་ལུས་རྩལ་མི་སྣ་གསར་བའི་བྱ་དགའ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།