གྱེན་འཕུར་གནམ་གྲུ་ཞིག་ལོན་ཏོན་གྲོང་ཁྱེར་ལྟེ་གནས་ནས་སར་ལྷུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།
བསོད་ནམས་ཚེ་རིང་། 2013-01-18
ཚོང་ལས་ཐད་བཀོལ་བའི་གྱེན་འཕུར་གནམ་གྲུ་ཞིག་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་དབྱིན་ཇིའི་རྒྱལ་ས་ལོན་ཏོན་གྲོང་ཁྱེར་ལྟེ་གནས་ཀྱི་བོ་ཁི་སི་ཧའོ་ཨར་མེ་འཁོར་ས་ཚིགས་ཀྱི་ཉེ་འདབས་ནས་སར་ལྷུང་བ་དང་། ལོན་ཏོན་ཉེན་རྟོག་ཅུའུ་ཡིས་དོན་རྐྱེན་དེ་ལས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་ལ་རྨས་ཕོག་པ་བདེན་དཔང་བྱས། གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།