ཧུའུ་ཅིན་ཐོ་ཡིས་རྒྱལ་ཁབ་ལྔའི་གསར་དུ་བསྐོས་པའི་གཞུང་ཚབ་ཆེན་མོའི་རྒྱལ་ཡིག་དང་ལེན་མཛད་པ།

དཔའ་བརྟན་རྒྱལ།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-01-18

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐོ་ཡིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝ་ནུའུ་ཨ་ཐུའུ་དང་འཇར་པན། དབྱི་ཐ་ལི། བྷང་ག་ལ། མཱར་ཏེ་ཝུན་བཅས་རྒྱལ་ཁབ་ལྔའི་གསར་དུ་བསྐོས་པའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོའི་རྒྱལ་ཡིག་དང་ལེན་མཛད།

གསར་དུ་བསྐོས་པའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ལྔ་ནི་ཝ་ནུའུ་ཨ་ཐུའུ་ཡི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ལེ་ཡེ་ཞང་དང་འཇར་པན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་མུའུ་ཟི་ཁྲང་རིན། དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་པེ་ཏ་ཉིན། བྷང་ག་ལའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཧཱ་ཁི། མཱར་ཏེ་ཝུན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་མའོ་ནི་ཏི་བཅས་རེད།

  • ལེ་ཚན་སྔོན་མ།:ཧཱ་སག་སི་ཐན་གྱིས་ཚེས27ཉིན་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོར་ཁྱབ་བསྒྲགས་བྱས་པ།
  • ལེ་ཚན་རྗེས་མ།:གྱེན་འཕུར་གནམ་གྲུ་ཞིག་ལོན་ཏོན་གྲོང་ཁྱེར་ལྟེ་གནས་ནས་སར་ལྷུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།