ཧཱ་སག་སི་ཐན་གྱིས་ཚེས27ཉིན་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོར་ཁྱབ་བསྒྲགས་བྱས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-12-28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞེ་མུའུ་ཁུན་ཐིའི་གནམ་གྲུའི་ཆག་སྒོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཞུ་ཆེད། ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཚེས26ཉིན་ཚེས27ཉིན་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོར་ཁྱབ་བསྒྲགས་བྱས།

ཧཱ་སག་སི་ཐན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་མཐའ་སྲུང་ཅུའུ་ཡི་ཁོངས་སུ་གཏོགས་པའི་ཨན72རྟགས་ཅན་གྱི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་ཞིག་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་ང་ལྔའི་སྟེང་ཧཱ་སག་སི་ཐན་ལྷོ་མ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་ཞེ་མུའུ་ཁུན་ཐི་དང་མི་རིང་མཚམས་སུ་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ7དང་དམག་མི20ཚང་མ་རྐྱེན་ལམ་དུ་ཤོར།  ། 

  • ལེ་ཚན་སྔོན་མ།:ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དག་གིས་སང་ལོའི་ལོ་མགོར་མཱ་ལི་རུ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཧུའུ་ཅིན་ཐོ་ཡིས་རྒྱལ་ཁབ་ལྔའི་གསར་དུ་བསྐོས་པའི་གཞུང་ཚབ་ཆེན་མོའི་རྒྱལ་ཡིག་དང་ལེན་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།