མཚོ་སྔོན་པོ་དྲ་བ། དཔའ་བརྟན་རྒྱལ། 2013-01-18
རྒྱུས་ལོན་པ་ལྟར་ན། 2012ལོའི་ལུས་རྩལ་སྟེགས་བུའི་མི་སྣ་གྲགས་ཅན་ལ་བྱ་དགའ་གནང་བའི་མཛད་སྒོ་ཟླ་དང་པོའི་ཚེས་བཅུ་དགུ་ཉིན་སྤེལ་རྒྱུ་ཡིན་ཞིང་། བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལ་ཕུལ་བྱུང་ལུས་རྩལ་མི་སྣ་གསར་བའི་བྱ་དགའ་ཐོབ།
ཆོས་དབྱིངས་སྐྱིད་ཀྱིས2012ལོའི་ལོན་ཏུང་ཨོ་རྩལ་འགྲན་ཚོགས་སུ་སྤྱི་ལེ་ཉི་ཤུ་ཡི་སྐྱེས་མའི་འདུར་རྒྱུག་ཁྲོད་ཨང་གཉིས་པ་བླངས་པ་དང་ཆབས་ཅིག་ཡ་གླིང་གི་ཟིན་ཐོ་ལས་བརྒལ། ལོ་ཉེར་གཉིས་ཅན་གྱི་མཚོ་སྔོན་བོད་རིགས་བུ་མོ་ཞིག་ཡིན་པའི་ཆ་ནས་ཆོས་དབྱིངས་སྐྱིད་ནི་ཨོ་རྩལ་ལོ་རྒྱུས་སྟེང་ཨོ་རྩལ་བྱ་དགའ་ལེན་མཁན་གྱི་བོད་རིགས་བུ་མོ་ཐོག་མ་ཡིན་ལ། འདི་ནི་ཁོ་མོར་ཕུལ་བྱུང་ལུས་རྩལ་མི་སྣ་གསར་བའི་བྱ་དགའ་ཐོབ་པ་ཐོག་མའང་ཡིན་ཏེ། འདིས་ཁོ་མོའི་གྲུབ་འབྲས་ལ་ཁས་ལེན་ཐོབ་པ་མཚོན་པར་མ་ཟད་རྗེས་ཕྱོགས་ཀྱི་ལུས་རྩལ་གོ་རིམ་ཁྲོད་རང་ཉིད་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10