བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-12-18
སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ལྷོ་ངོས་ཀྱི་གྲོང་ཁྱེར་ཉེ་འདབས་ཀྱི་ཡཱ་ཨར་མུའུ་ཁི་པཱ་ལེ་སི་ཐན་ཡུལ་གྱར་བའི་སྒར་ས་ནས་ཚེས་བཅུ་དྲུག་ཉིན་འཁྲུག་རྩོད་དྲག་པོ་བྱུང་སྟེ། ས་ཁུལ་དེའི་མི་སྣར་ཤི་རྨས་དང་སྤྱི་ཚོགས་ལ་ཟང་ཟིང་བཟོས་པར་མ་ཟད་སྡོད་དམངས་ཁག་ཅིག་ལང་ལོང་སྒོས་ཕྱི་ཕྱོགས་སུ་བྲོས།
བསྒྲགས་པའི་གནས་ཚུལ་ལྟར་ན། ཏཱ་མཱ་ཧྲི་ཀིའི་ཏཱ་ལཱ་ཡཱ་གྲོང་རྡལ་སོགས་ས་ཁུལ་ནས་ཡོང་ཞིང་ཡུལ་གྱར་བའི་སྒར་སར་ཞུགས་ཡོད་པའི་དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་རྒྱལ་ཁའི་འཐབ་ཕྱོགས་ཀྱི་དྲག་ཆས་ཉེས་ཅན་སུམ་བརྒྱ་ལྷག་གིས་ཉིན་དེར་ཕཱ་ལེ་སི་ཐན་མི་དམངས་འཐབ་ཕྱོགས་ཀྱི་དྲག་ཆས་པ་དང་མཉམ་དུ་འཁྲུག་རྩོད་དྲག་པོ་བྱས་ཏེ། ས་དེའི་སྡོད་དམངས་དང་ཁོངས་མི་མང་བོས་འཁྲུག་རྩོད་ཁྲོད་ཤི་རྨས་བྱུང་ཡོད་ཟེར།
སྤྱི་ཁྱབ་པུའུ་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་མཁའ་དམག་གི་མུས་ཀི་འཐབ་འཛིང་གནམ་གྲུས་ཉིན་དེར་ཡཱ་ཨར་མུའུ་ཁི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་སྒར་སར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། མི་བརྒྱད་རྐྱེན་ལམ་དུ་ཤོར། ཨན་ཝ་ཨར་ལཱ་ཅཱ་ཡིས་དོན་དེར་ཁས་ལེན་མ་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10