ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་འཕུར་མདའི་འགོག་སྲུང་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-12-18

ཨ་མེ་རི་ཁ་དང་དབྱི་སི་རལ་དམག་ཕྱོགས་དཔོན་རིགས་ཀྱིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་གཟའ་འཁོར་རྗེས་མ་ནས་བཟུང་དབྱི་སི་རལ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ། གཙོ་བོ་འཕུར་མདའི་འགོག་སྲུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་ཟེར།

མིང་ལ་ཉིས་སྟོང་བཅུ་གཉིས་ལོའི་འགྲན་རྩོད་དྲག་པོ་ཞེས་པའི་དམག་དོན་སྦྱོང་བརྡར་གྱི་ཡུན་ཚད་གཟའ་འཁོར་གསུམ་ཡིན་པ་དང་། ཨ་མེ་རི་ཁའི་དམག་མི་སྟོང་གསུམ་དང་ལྔ་བརྒྱ་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད། དམག་དོན་སྦྱོང་བརྡར་དེར་ཨ་མེ་རི་ཁའི་མཁའ་དམག་གསུམ་པའི་སི་ལིན་ཧྥུའུ་ལན་ཁི་ལིན་གྱིས་གཅིག་གྱུར་བཀོད་འདོམ་བྱེད་རྒྱུ་ཡིན་ལ། དབྱི་སི་རལ་དམག་ཕྱོགས་ཀྱི་རྒྱལ་སྲུང་དམག་དཔོན་ནོའུ་ལི་ཨེ་ལེ་ཡིས་སྣེ་ཁྲིད་བྱེད་རྒྱུ་རེད།

ཉིན་དེར་བསྡུས་པའི་ཁ་པར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཧྥུའུ་ལན་ཁི་ལིན་གྱིས་བཤད་རྒྱུར། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཨ་མེ་རི་ཁའི་དམག་མིས་དབྱི་སི་རལ་གྱི་ས་གནས་སོ་སོ་ནས་རྒྱལ་གཅེས་མཁན་རྟགས་ཅན་གྱི་འཕུར་མདའི་མ་ལག་དང་མཁའ་སྲུང་མ་ལག་སྣ་ཚོགས་ལ་ཚོད་འཛིན་བྱེད་རྒྱུ་ཡིན་ལ། ཨ་མེ་རི་ཁའི་དམག་དཔུང་གི་ཀྲིག་སི་ཏོན་རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་གི་དམག་གྲུ་ཞིག་ཀྱང་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་ཟེར།

ནོའུ་ལི་ཨེ་ལེ་ཡིས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱི་དམག་མི་སྟོང་གཅིག་ལྷག་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། ཁོ་ཚོས་ལྕགས་བྱ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའི་བཀག་འགོག་མ་ལག་ལ་ཚོད་འཛིན་བྱེད་རྒྱུ་ཡིན་ཟེར། དབྱི་སི་རལ་གྱིས་ད་རུང་དམག་དོན་སྦྱོང་བརྡར་གྱི་ནང་དོན་མང་བོ་ཞིག་ལ་རྩིས་འཁོར་གྱི་ལད་བཟོའི་བེད་སྤྱོད་བྱེད་རྒྱུ་ཡིན་པ་དང་། མདའ་མདེལ་དངོས་ཀྱི་སྦྱོང་བརྡར་ཡང་ཁག་ཅིག་ཡོད་ཟེར།

  • ལེ་ཚན་སྔོན་མ།:སི་རི་ཡཱའི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་སྒར་ས་ནས་འཁྲུག་རྩོད་དྲག་པོ་བྱུང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་
  • དོ་སྣང་ཆེ་བའི་རྩོམ།