བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-12-18
དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། དབྱི་རག་བྱང་ཕྱོགས་ཀྱི་རྡོ་སྣུམ་ཐོན་སྐྱེད་བྱེད་སའི་གྲོང་རྡལ་གཙོ་བོ་ཅི་ཨར་ཁུའུ་ཁི་གྲོང་ཁྱེར་ནས་ཉིན་དེའི་དགོང་མོར་ཉུང་མཐར་ཡང་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་བདུན་བྱུང་སྟེ། མིག་སྔར་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་ལྔ་ལ་རྨས་ཕོག་ཡོད་ཟེར།
མིང་བཤད་མི་འདོད་པའི་ས་དེའི་ཉེན་རྟོག་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་བདུན་བྱུང་ཞིང་། དེའི་ནང་རླངས་འཁོར་འགས་གཏོར་དང་། འགད་རྫས་འགས་གཏོར། མེ་སྒྱོག་འགས་གཏོར་སོགས་འདུས་པ་དང་། དམིགས་འབེན་ནི་ཧྲི་ཡེ་ཕྱོགས་ཁག་གི་དབྱི་སི་ལན་ཆོས་ཁང་དང་ས་དེའི་རླུང་འཕྲིན་ཁང་སོགས་རེད། འགས་གཏོར་ལས་མི་སྣ་ཤི་རྨས་བཟོས་པ་ལས་གཞན་ད་རུང་ཁང་བ་དང་དམངས་སྤྱོད་རླངས་འཁོར་མང་བོར་གཏོར་བརླག་ཐེབས་ཡོད་ཟེར།
འབྲེལ་ཡོད་མི་སྣས་བཤད་རྒྱུར། རྨས་མ་མང་བོ་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པས། ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་དག་བཟོས་པ་ཁྱབ་སྒྲོག་བྱས་མེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10