ཁྲའོ་ཞན་གྱིས་ཀྲུང་དབྱང་མྱ་ངན་ཚོགས་ཆེན་བསྡུས་ཏེ་ཅིན་ཀྲིན་རི་སྐུ་གཤེགས་ནས་ལོ་གཅིག་འགོར་བར་རྗེས་དྲན་ཞུས་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-12-18

ཁྲའོ་ཞན་གྱིས་ཚེས་བཅུ་དྲུག་ཉིན་ཕེན་རང་ལུས་རྩལ་ཁང་ནས་ཀྲུང་དབྱང་མྱ་ངན་ཚོགས་ཆེན་བསྡུས་ཏེ་སྔོན་ཆད་ཀྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་རི་སྐུ་གཤེགས་ནས་ལོ་གཅིག་འགོར་བར་རྗེས་དྲན་ཞུས། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་མྱ་ངན་ཚོགས་ཆེན་ལ་ཞུགས།

ཁྲའོ་ཞན་ཏང་སྲིད་དམག་གསུམ་གྱི་མགོ་ཁྲིད་པ་དང་། ལས་རིགས་སོ་སོའི་འཐུས་མི། དེ་མིན་འོད་ལྡན་སྐར་མ་གསུམ་པ་རྟགས་ཅན་གྱི་འཁོར་སྐར་གཏོང་འཕེན་ཐད་བྱས་རྗེས་ཆེ་བའི་ཚན་རྩལ་བྱ་བ་བྱེད་མཁན་བཅས་ཉིན་དེའི་མྱ་ངན་ཚོགས་ཆེན་ལ་ཞུགས།

ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཡུང་ནན་གྱིས་མྱ་ངན་ཞུ་ཚིག་ཕུལ། ཁོས་ཁྲའོ་ཞན་གྱི་ཏང་ཡོན་ཡོངས་དང་མི་དམངས་དམག་དཔུང་གི་དཔོན་དམག མི་དམངས་བཅས་ཀྱིས་ལྷག་བསམ་རྣམ་དག་གིས་བློ་མཐུན་ཅིན་ཀྲིན་རི་ཁྲའོ་ཞན་ངལ་རྩོལ་ཏང་དང་གསར་བརྗེའི་དུས་གཏན་གྱི་གཙོ་འཛིན་དུ་བཀུར་ཏེ། རྒྱུན་ཆད་མེད་པར་ཁོའི་འོད་སྟོང་འབར་བའི་གསར་བརྗེའི་མི་ཚེ་དང་བསུབ་ཐབས་མེད་པའི་བྱས་རྗེས་བཅས་དར་སྤེལ་བྱེད་དགོས་པའི་འབོད་སྐུལ་བཏང་།

  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མ་ལིའི་ཙུང་ལི་འཛིན་བཟུང་བྱས་པར་རྒོལ་གཏམ་བཏང་བ།
  • ལེ་ཚན་རྗེས་མ།:དབྱི་རག་གི་བྱང་ཕྱོགས་ཀྱི་རྡོ་སྣུམ་ཐོན་སྐྱེད་བྱེད་སའི་གྲོང་རྡལ་གཙོ་བོ་ནས་འགས་གཏོར་དོན་རྐྱེན་ཐེངས་མང་བ
  • དོ་སྣང་ཆེ་བའི་རྩོམ།