ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-12-14
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས11ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྨྱན་སྦྱོར་གསལ་བསྒྲགས་སྤེལ་ནས། མ་ལིའི་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཏེ་ཡ་ལ་ཉིན་དེར་གོང་གི་སྲིད་འགྱུར་དམག་མིས་འཛིན་བཟུང་བྱས་པར་རྒོལ་གཏམ་བཏང་ཡོད་པ་རེད།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དུས་མཚུངས་སུ། དོན་རྐྱེན་དེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་ཁག་གིས་གྲོས་ཆོད་ནང་བཏོན་པའི་འབྲེལ་ཡོད་མ་ལིའི་དྲག་ཆས་དཔུང་སྡེས་བར་བརྒལ་སྲིད་གཞུང་གི་ལས་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་གསུམ་དང་རྒྱབ་འགལ་བྱས་ཡོད་ཅེས་ནན་བཤད་བྱས་ཡོད་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གང་མགྱོགས་མ་ལིར་ཨ་ཧྥེ་རི་ཁ་གླིང་གིས་གཙོ་གཟུགས་བྱས་པའི་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པ་ཞིག་བཀོད་སྒྲིག་བྱེད་རྒྱུའི་ནན་བཤད་བྱས་ཡོད་པ་རེད།
གསལ་བསྒྲགས་ནང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མ་ལིའི་དམངས་གཙོའི་ཆབ་སྲིད་སྒྲིག་ལམ་སླར་གསོར་བཀག་འགོག་དང་མ་ལིའི་བརྟན་ལྷིང་ལ་གཏོར་སྐྱོན་གཏོང་མཁན་ཕྱོགས་ཁག་ལ་གནས་གཏེན་འཁེལ་གྱི་བཀག་བསྡོམས་ཚུད་པའི་འོས་འཚམས་ཀྱི་བྱ་ཐབས་བཟུང་དགོས་མིན་ལ་བསམ་གཞིགས་བྱེད་རྒྱུ་ཡིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མ་ལིའི་བར་བརྒལ་སྲིད་གཞུང་གིས་གང་མགྱོགས་བར་བརྒལ་དུས་མཚམས་ཀྱི་ལམ་ཐིག་ས་བཀྲ་ཞིག་བཟོ་དགོས་པ་དང་། ཁོག་ཡངས་དང་རྒྱ་ཁྱབ་ཀྱི་ཆབ་སྲིད་སྐད་ཆ་ཤོད་རེས་བརྒྱུད་པ་མ་ཟད་གང་མགྱོགས་ཞི་བདེ་དང་ཕྱོགས་ཁག་གིས་བཟོད་སྒོམ་དང་ཡིད་ཆེས་བྱེད་པའི་འདེམས་བསྐོ་བྱས་ནས་དམངས་གཙོའི་ཆབ་སྲིད་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་དང་རྒྱལ་ཁབ་གཅིག་གྱུར་ཡོང་བ་བྱེད་དགོས་པའི་སྐུལ་འདེད་བཏང་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10