མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-12-14
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ཐེ་ཏི་ཝོར་ལྷོ་ནུབ་ཕྱོགས་ཀྱི་སུའུ་པུའུ་ལོས་ཞིང་ཆེན་ནས་ཚེས10ཉིན་གྱི་དགོང་མོར་འགྲུལ་སྐྱེལ་རླངས་འཁོར་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི31རྐྱེན་ལམ་དུ་ཤོར་བ་དང་། མི40ལྷག་ལ་རྨས་ཕོག
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཁོ་ཐེ་ཏི་ཝོར་ལྷོ་ནུབ་ཕྱོགས་ཀྱི་ཧྲིན་ཕའེ་ཏི་ལོ་གྲུ་ཁའི་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་ནུབ་ཕྱོགས་ཀྱི་ཏཱ་ནཱ་ནེ་གྲོང་ཁྱེར་ནས་ཡོང་བའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ། མི26དེ་མ་ཐག་རྐྱེན་ལམ་དུ་ཤོར་བ་དང་། རྨས་ཕོག་པའི་འགྲུལ་བ5སྨན་ཁང་དུ་བསྐྱལ་རྗེས་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། གཞན་ཡང་འགྲུལ་བ10ལྷག་ལ་རྨས་ལྗིད་མོ་ཕོག་ཟེར།
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། དོན་རྐྱེན་གྱི་འབྱུང་རྐྱེན་ནི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་སྒྲིག་སྲོལ་དང་འགལ་བའི་སྒོ་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་གི་རྗེས་ལ་ཐོ་བརྒྱག་པར་ཡོལ་ཆེད་ཁ་གཏད་ཀྱི་རྒྱུ་ལམ་དུ་སོང་སྟེ། མཇུག་མཐར་མྱུར་ཚད་མགྱོགས་པའི་འགྲུལ་སྐྱེལ་རླངས་འཁོར་གཞན་གཉིས་ཐོ་བརྒྱབ་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10